མགོ་ལོག་ཁུལ་དུ་གླིང་གེ་སར་གཞི་གྲངས་མཛོད་ཀྱི་མཛད་སྒོ་བསྡུས་པ།
ཚོགས་རའི་ཡུལ་དངོས།
2011ལོའི་ཟླ7པའི་ཚེས30ཉིན། གེ་སར་གཞི་གྲངས་མཛོད་ཀྱི་མགོ་ལོག་ཡན་ལག་མཛོད་ལས་ཚུགས་མཛད་སྒོ་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནས་དངོས་སུ་བསྡུས་པ་རེད།
མཛད་སྒོ་འདི་ནི་བོད་ཀྱི་དཔའ་བོའི་མི་སྣ་གླིང་རྗེ་གེ་སར་སྐྱེས་བུས་ཤར་རྨ་རྒྱལ་སྤོམ་རའི་གནས་འདབས་ནས་གཞི་བཟུང་སྟེ་དཔའ་བོའི་རྣམ་ཐར་གྱི་རྒྱ་ཁྱོན་བསྐྱེད་མྱོང་བའི་བདེན་རྟགས་སམ། གླིང་གེ་སར་དངོས་བྱུང་ལོ་རྒྱུས་ཀྱི་བདེན་རྟགས་ཀྱི་རྗེས་ཤུལ་དང་། རྣམ་ཐར་ལོ་རྒྱུས། བསྟོད་སྒྲུང་། དཔྱད་གཞིའི་རྩོམ་རིག ཤུལ་ལྷག་ཡུལ་སྲོལ་གོམས་གཤིས་ཁྲོད་ཀྱི་ངག་རྒྱུན་ཁྲིད་རྒྱུན་ལྡན་པའི་རིག་གནས་སྒྱུ་རྩལ། ཡུལ་མགོ་ལོག་གི་གླིང་སྒྲུང་བའི་ཁྱིམ་གཞིས་གསར་སྐྲུན་ནས་བཟུང་། མདོར་ན་གླིང་གེ་སར་དང་འབྲེལ་བའི་རིག་དངོས་ཡོད་དོ་ཅོག་རྒྱུད་འཛིན་དོ་དམ་བྱེད་པའི་མི་སྣ་སོགས་ཡིག་ཚགས་དོ་དམ་བྱེད་པ་ལས་ཚུགས་ཀྱི་མཛད་སྒོ་ཞིག་ཡིན།
ཚོགས་རའི་ཟུར་ཞིག
ཚོགས་འདུའི་གཙོ་འཛིན་དང་ཚོགས་ཞུགས་མི་སྣ་ཆེ་གྲས་ཁག་ནི། རྒྱལ་ཡོངས་གེ་སར་ཞིབ་འཇུག་ཁང་གི་དབུ་གཙོ་ནོར་བུ་དབང་ལྡན་ལགས་དང་། མགོ་ལོག་ཁུལ་གླིང་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་ལྡོང་ནོར་སྡེ། མགོ་ལོག་ཁུལ་ཁུལ་དཔོན་གཞོན་པ་ཝང་དཔའ་ཆཱེན་མགོ་ལོག་ཁུལ་རིག་གནས་ཁང་གི་ཅུའུ་ཀྲང་བསོད་ནམས་སྐྱིད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གླིང་གེ་སར་ཞིབ་འཇུག་སྡེ་ཁག་གི་ཞིབ་འཇུག་པ་སྒང་རྒྱལ་མཚན་ཚེ་རིང་། མགོ་ལོག་ཁུལ་རིག་གནས་ལས་རྩལ་ཅུའུ་མགོ་གཙོ་གཞོན་པ་མཚོ་སྐྱེས་རྡོ་རྗེ། མགོ་ལོག་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་མགོ་གཙོ་ཚེ་རིང་། མགོ་ལོག་ཁུལ་དཔེ་མཛོད་ཁང་གི་མགོ་གཙོ་དབང་ཆེན་ལྷ་མོ། མགོ་ལོག་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཡུན་ཚེ་རིང་། མགོ་ལོག་ཁུལ་དྲིལ་བསྒྲགས་ཁང་གི་མགོ་གཙོ་གཞོན་པ་སུང་ཡེ་ཉོས་སོགས་ཡིན།
ཚོགས་མི་རྣམས་ལྷན་དུ་པར་བསྐྱོན་པ།
གཞན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་མི་ཉུང་བ་སོགས་ཚོགས་ཞུགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་ཡུལ་མགོ་ལོག་ནས་གླིང་གེ་སར་རིག་དངོས་གཞི་གྲངས་མཛོད་དུ་འགོད་པའི་ཐད་གྱི་གྲོས་ཆོད་ཡིན་པ་དང་། རིམ་བཞིན་དགའ་སྡེ་རྫོང་དུར་བུད་གླིང་སྒྲུང་སྙན་ངག་གྲོང་ཚོ་ནས་དབུ་བརྩམས་ཡུལ་མགོ་ལོག་གི་ས་གནས་སོ་སོར་གླིང་གེ་སར་རིག་གནས་བྱ་བའི་རྒྱུས་ལོན་བྱེད་རྒྱུ་ཡིན་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com