རབ་མཛེས་བོད་ལྗོངས་ཞེས་པའི་རི་མོ་འགྲེམ་སྟོན་པེ་ཅིང་ནས་སྤེལ་འགོ་བརྩམས་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།   དུས་ཚོད།:2011-08-01 09:29:00 ཀློག་གྲངས།:


མཛད་སྒོའི་སྟེང་ཞུགས་པའི་སྐུ་མགྲོན་དང་རི་མོ་འགྲེམ་སྟོན་ལ་ཞུགས་པའི་རི་མོ་བ་རྣམས་ཀྱིས་མཉམ་དུ་དྲན་རྟེན་གྱི་པར་བསྐྱོན་པ།

རབ་མཛེས་བོད་ལྗོངས་ཞེས་པའི་རི་མོ་འགྲེམ་སྟོན་གྱི་ཇུས་འགོད་པའི་གྲས་ཤིག་གམ་
རི་མོ་བ་གྲགས་ཅན་ལི་ཞའོ་ཁོ་ཡིས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ།

རི་མོ་བ་ཚེ་རིང་དབང་རྒྱལ་གྱིས་བརྩམས་ཆོས་མདུན་དུ་གཟིགས་མོ་བ་དང་འབྲེལ་འདྲིས་བྱེད་བཞིན་པ།

             ཟླ7པའི་ཚེས28ཉིན་རབ་མཛེས་བོད་ལྗོངས་ཞེས་པའི་བོད་ཀྱི་དེང་རབས་རི་མོ་གདན་ཞུའི་འགྲེམ་སྟོན་དེ་པེ་ཅིང་གི་མི་རིགས་རིག་གནས་ཕོ་བྲང་ནས་སྤེལ་འགོ་བརྩམས། ད་ཐེངས་ཀྱི་རི་མོ་འགྲེམ་སྟོན་དུ་ཧན་ཧྲུའུ་ལི་དང་། ཝང་ལིན་ཞུས། པད་མ་བཀྲ་ཤིས། ཡུས་ཡོའུ་ཞིན། འཇིགས་མེད་འཕྲིན་ལས། ལི་ཀྲི་པའོ། སྤེན་པ། ལྷག་པ་ཚེ་རིང་། བདེ་སྒྲོན། ཚེ་བརྟན་འགྱུར་མེད། ཚེ་རིང་རྣམ་རྒྱལ། ཚེ་རིང་དབང་རྒྱལ་སོགས་བོད་རིགས་རི་མོ་བ་དང་། བོད་ལྗོངས་སུ་ཡུན་རིང་དུ་འཚོ་སྡོད་བྱས་པའི་མི་རིགས་ཁག་གི་སྒྱུ་རྩལ་པ་བཅས་མི་བཅུ་ཕྲག་ལྷག་ཆེད་དུ་གདན་ཞུས་ནས་འགྲེམ་སྟོན་དུ་ཞུགས་ཡོད་པ་རེད།


ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཅིན་ཧྲང་དབྱི་﹙གཡོན་ཀྱི་དང་པོ﹚ཡིས་འགྲེམ་སྟོན་ལ་གཟིགས་པ།

གཟིགས་མོ་བ་ཞིག་གིས་རང་ཉིད་མོས་པའི་རི་མོའི་བརྩམས་ཆོས་པར་དུ་ལེན་བཞིན་པ།

ཡུས་ཡོའུ་ཞིན་གྱི་བརྩམས་ཆོས།

             རྒྱལ་ཁབ་ཀྱི་དམངས་ཨུའི་ཀྲུའུ་རིན་གཞོན་པ་དབྱང་ཁྲུན་ཐང་དང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཐན་ཀྲི་ཀང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་གི་ཀྲུའུ་རེན་གཞོན་པ་ཝང་མེང་མེང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཨན་ཆི་དབྱི། ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཅིན་ཧྲང་དབྱི། མི་རིགས་རིག་གནས་ཕོ་བྲང་གི་ཀྲུའུ་རེན་གཞོན་པ་ལིན་ཞུས་སོགས་མཛད་སྒོར་ཞུགས་ཡོད།


སྤེན་པའི་བརྩམས་ཆོས།

བདེ་སྒྲོན་གྱི་བརྩམས་ཆོས།

ནོར་བུ་སྲི་ཐར་གྱི་བརྩམས་ཆོས།

             ཤེས་གསལ་ལྟར་ན། རི་མོ་འགྲེམ་སྟོན་དེ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཡིག་རིས་ཁང་དང་། ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ལི་ཁེ་རན་སྒྱུ་རྩལ་ཐེབས་རྩ་ཚོགས་པ། བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས། མི་རིགས་རིག་གནས་ཕོ་བྲང་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། འགྲེམ་ཡུན་ཟླ8པའི་ཚེས9ཉིན་བར་བསྲིང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།