མཚོ་ལྷོ་ཁུལ་བོད་སྨན་ཁང་གི་རིག་གནས་འཛུགས་སྐྲུན་བྱ་བར་ཁྱད་ཆོས་ཕུན་སུམ་ཚོགས་པ།
མཚོ་ལྷོ་ཁུལ་བོད་སྨན་ཁང་།
ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་ཁུལ་འཕྲོད་བསྟན་སྡེ་ཁག་གི་སྨན་ཁང་རིག་གནས་འཛུགས་སྐྲུན་སྟོབས་ཤུགས་ལ་ཤུལས་བསྣན་པའི་དགོངས་དོན་ལྟར། མཚོ་ལྷོ་ཁུལ་བོད་སྨན་ཁང་གིས《མཚོ་ལྷོ་ཁུལ་བོད་སྨན་ཁང་གི་རིག་གནས་འཛུགས་སྐྲུན་འཆར་འགོད》དང《མཚོ་ལྷོ་ཁུལ་བོད་སྨན་ཁང་གི་རིག་གནས་འཛུགས་སྐྲུན་འཆར་འགོད་ལག་བསྟར》གཏན་འཁེལ་ལེགས་འགྲུབ་བྱས་ཤིང་། སྨན་ཁང་གི་རིག་གནས་འཛུགས་སྐྲུན་ལ་ནང་དོན་གསར་བ་སྦྱིན་ཏེ་ཁྱད་དུ་འཕགས་པའི་བོད་སྨན་ཁང་གི་རིག་གནས་ཤིག་སྐྲུན་པར་བརྩོན་པ་གང་ལེགས་བྱེད་པ་དང་། མུ་མཐུད་དུ་སྨན་ཁང་གི་ལས་སྒྲུབ་མི་སྣའི་སྟོབས་ཤུགས་གཅིག་སྒྲིལ་དང་སེམས་ཤུགས་ཆེར་བསྐྱེད་བྱེད་པ་རེད།
གྲལ་བསྒྲིགས་པའི་བོད་སྨན་སྣ་ཚོགས།
སྨན་ཁང་འདིས་དངོས་ཡོད་དང་བསྟུན་ཏེ་བོད་ཀྱི་གསོ་རིག་རིག་གནས་འབུར་དུ་བཏོད་པའི་སྨན་ཁང་གི་རྩ་དོན་དང་སྨན་ཁང་གི་སྟོབས་ཤུགས། སྨན་ཁང་གི་འོས་འགན། སྨན་ཁང་གི་འཕེལ་རྒྱས་འཐབ་ཕྱོགས་སོགས་གཏན་འབེབ་བྱས་པ་མ་ཟད། སྨན་ཁང་གི་གླུ་གཞས་གསར་རྩོམ་དང་། སྨན་ཁང་གི་གསོ་སྦྱོང་བྱ་བ་གསར་འཛུགས་གནང་ཞིང་། བོད་ཀྱི་གསོ་རིག་རིག་གནས་གཟེངས་སུ་ཐོན་པའི《གྱོན་ཆས་གཏན་འཁེལ》དང་། 《ལས་སྒྲུབ་མི་སྣའི་གུས་ཞབས་རྩིས་ལུགས》། 《ལས་སྒྲུབ་མི་སྣའི་ཞབས་ཞུ་ཚད་གཞི》། 《ཞབས་ཞུ་སྒེའུ་ཁུང་སོ་སོའི་བྱ་བའི་ཚད་གཞི》། 《སྨན་བཅོས་ཞབས་ཞུ་དཔལ་ཡོན་ཅན་སྨ་བརྗོད་ཚད་གཞི》སོགས་ཞབས་ཞུའི་ཚད་གཞི་དང་དམིགས་བསལ་གུས་ལུགས་གཏན་འཁེལ་བྱས། གཟའ་ཚོགས་དང་ཏྲི་པུའུ་རྩ་འཛུགས་འཚོ་བའི་ཚོགས་འདུ། རིག་ཚན་ནང་ཁུལ་སློབ་སྦྱོང་སོགས་ཀྱི་ཐབས་ལམ་སྤྱད་དེ་སྨན་ཁང་ནང་ཁུལ་གྱི་འབྲེལ་ཡོད་དྲིལ་སྒྲོག་ཡིག་ཆ་དང་དྲིལ་སྒྲོག་སྒྲོམ་བྱང། རིག་གནས་གསུང་བཤད་སོགས་ཀྱི་ཐོན་ཁུངས་བེད་སྤྱོད་སྒོས་སྨན་ཁང་ལས་སྒྲུབ་མི་སྣར་བོད་ཀྱི་གསོ་རིག་རིག་གནས་སློབ་གསོ་དང་ལས་རིགས་ཀུན་སྤྱོད་སློབ་གསོ། སྨན་ཁང་ཡོངས་ཀྱི་ལས་སྒྲུབ་མི་སྣར་བོད་ཀྱི་སྲོལ་རྒྱུན་གསོ་རིག་རིག་གནས་ཆེད་དོན་གསོ་སྦྱོང་བྱེད་པ་བརྒྱུད་ནས་ལས་སྒྲུབ་པས་རང་ངོས་ནས་སྨན་ཁང་དུ་ཐོན་པའི་གལ་ཆེ་བའི་ནུས་པ་ངེས་སུ་འཇུག་པ་དང་། བོད་སྨན་ཁང་གི་ཡར་ཐོན་གྱི་རྣམ་པ་གོང་ནས་གོང་དུ་སྤེལ་བཞིན་ཡོད།
སྨན་ཁང་དུ་ནད་གསོ་བར་སླེབས་པའི་མང་ཚོགས།
མཚོ་ལྷོ་ཁུལ་བོད་སྨན་ཁང་གིས་བོད་ཀྱི་གསོ་རིག་རིག་གནས་འཛུགས་སྐྲུན་བྱེད་པ་བརྒྱུད་དེ་ནད་པ་སྨན་ཁང་དུ་སྟོན་བའི་ཐེངས་གྲངས་དང་སྨན་ཁང་དུ་ཞག་སྡོད་བྱེད་པའི་མི་གྲངས་སྔར་ལས་ལྡབ་འགྱུར་གྱིས་མང་དུ་ཕྱིན་ཏེ། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་མི་དམན་པ་ཐོབ་ཅིང་། སྨན་ཁང་གི་ཁྱོན་ཡོངས་ཞབས་ཞུ་ཆུ་ཚད་དེ་ཡར་རྒྱས་ཆེན་པོ་བྱུང་བ་རེད། བསྡོམས་རྩིས་བྱས་པ་ལྟར་ན། 2011ལོའི་ལོ་སྟོད་དུསྨན་ཁང་འདིའི་ནད་གསོ་ནད་པ་མི་ཐེངས28910ལ་བསླེབས་ཤིང་། ལོ་སྔོན་མ་དང་བསྡུར་ན56.88%འཕར་བ་དང་། ཞག་སྡོད་ནད་པ་མི་ཐེངས913ལ་བསླེབས་ཤིང་། ལོ་སྔོན་མ་དང་བསྡུར་ན29%འཕར་བ། ནད་པ་སངས་དྲག་ཏུ་ཕྱིན་ཚད96.8%དང་། བོད་ཀྱི་གསོ་རིག་སྨན་བཅོས་ཚད85%དང་། བོད་སྨན་སྤྱི་རྒྱ8000ཐོན་སྐྱེད་བྱས་ལ། ལོ་སྔོན་མ་དང་བསྡུར་ན45%འཕར། ལས་རིགས་ཡོང་སྒོ་ཁྲི467བསླེབས་པ་དང་། ལོ་སྔོན་མ་དང་བསྡུར་ན17%འཕར་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com