སི་ཁྲོན་ཧུང་ཡོན་རྫོང་དུ་ཐུན་མོང་མ་ཡིན་པའི་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་བྱེད་སྒོ་སྤེལ་བ།
དམག་ཁུལ་སྨན་པས་ས་དེ་གའི་ནད་པ་རྣམས་ལ་ནད་བརྟག་སྨན་བཅོས་བྱེད་པ།
ཟླ8པའི་ཚེས1ཉིན་གྱི་སྔ་དྲོ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་དམག་ཁུལ་ག་གེ་མོའི་དམར་དམག་ཧྲི་དམག་དཔུང་གིས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་གི་འབྲོག་ཁུལ་རྩྭ་ཐང་ཆེན་མོ་ནས་ཐུན་མོང་མ་ཡིན་པའི་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་བྱེད་སྒོ་ཞིག་སྤེལ་བཞིན་ཡོད་པ་རེད།
དམག་དཔུང་དེས་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་དམིགས་བསལ་དུས་ཚོད་བེད་སྤྱད་དེ། དམར་དམག་རྒྱང་སྐྱོད་བྱེད་སྐབས་སྔོན་གཤེགས་དཔའ་བོས་ཞབས་ཀྱིས་བཅགས་ཤིང་གུས་པར་འོས་པའི་ཀྲོའུ་ཨེན་ལའེ་ཙུང་ལི་ཡིས་དངོས་སུ“དམར་དམག་རྒྱང་སྐྱོད་བྱེད་མྱོང་བའི་རྩྭ་ཐང་ཆེན་མོ་སྟེ་ཧུང་ཡོན”ཞེས་པའི་གཟི་བརྗིད་ཀྱི་མཚན་སྙན་གསོལ་མྱོང་སའི་ཧུང་ཡོན་རྩྭ་ཐང་ཆེན་མོ་ནས“མི་དམངས་ལ་སློབ་སྦྱོང་དང༌། མི་དམངས་ལ་དགའ་ཞེན། མི་དམངས་ཀྱི་ཆེད་དུ”ཞེས་པའི་འོས་འགན་སྨན་བཅོས་བྱེད་སྒོ་ཞིག་སྤེལ་བཞིན་ཡོད་ལ། བྱེད་སྒོ་དེར་དམག་དཔུང་སྨན་ཁང་གི་ཆེད་ལས་མཁས་པ་དང་སྨན་པ། འཕྲོད་བསྟེན་པ་བཅས་ཞུགས་ཡོད་ཅིང་སྨན་བཅོས་རྣམ་གྲངས་ལ་ཕྱི་ནད་ཚན་ཁག་དང་ནང་ནད་ཚན་ཁག དབང་ལྔའི་ཚན་ཁག ཁྲག་ཤེད་བརྟག་པ། སྙིང་གི་འཕར་ཚད་བརྟག་པ་སོགས་ཡོད་པ་དང༌། འོས་འགན་སྨན་བཅོས་བྱེད་སྒོ་རུ་ཞུགས་པའི་དམག་དཔུང་སྨན་པ་དག་གིས་ནན་ཏན་དང་ཞིབ་ཚགས། ངང་རྒྱུད་རིང་བོའི་སྒོ་ནས་ནད་པ་རྣམས་ལ་བརྟག་དཔྱད་དང་སྨན་བཅོས་བྱས་པས། འབྲོག་པ་མང་ཚོགས་གཙོ་བྱས་པའི་ནད་པ་རྣམས་ཀྱིས་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཉི་མའི་འོག་ཏུ་བདེ་སྐྱིད་འཚོ་བར་རོལ་ཏེ་དགའ་སྤྲོའི་འཛུམ་གྱིས་ཁེངས་ཡོད་པ་རེད།
དམག་དཔུང་དེས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་ཏུ་དམངས་ཕན་ངལ་རྩོལ་བྱེད་སྒོ་དང༌། ས་ཆ་དེའི་དམར་དམག་རྒན་པར་འཚམས་འདྲི་བྱེད་པའི་བྱེད་སྒོ་སོགས་ཡུལ་དེའི་མི་དམངས་མི་སེར་ལ་དངོས་སུ་ཕན་པ་བསྐྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བཞིན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com