ལྷ་སར་འཛམ་གླིང་གི་སློབ་གྲྭ་ཆེན་མོ་བའི་ལུས་རྩལ་འགྲན་ཚོགས་སྐབས26པའི་དཔལ་འབར་བརྒྱུད་སྤྲོད་བྱས་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-08-02 09:48:00 ཀློག་གྲངས།:


ལྷ་སར་འཛམ་གླིང་གི་སློབ་གྲྭ་ཆེན་མོ་བའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་
སྐབས26པའི་དཔལ་འབར་བརྒྱུད་སྤྲོད་བྱས་པ།

            ཟླ7པའི་ཚེས31ཉིན་ལྷ་སར་འཛམ་གླིང་གི་སློབ་གྲྭ་ཆེན་མོ་བའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས26བའི་དཔལ་འབར་བརྒྱུད་སྤྲོད་ལེགས་འགྲུབ་བྱུང་ཞིང་། དེར་མཐུད་ནས“འཛམ་གླིང་ཡང་རྩེ”ཞེས་པའི་དཔལ་འབར་བརྒྱུད་སྤྲོད་ཀྱི་ཡན་ལག་རུ་ཁག་འདིའི་ཁོངས་མི་གཉིས་ཀྱིས་དཔལ་འབར་འཁྱེར་ནས་ཇོ་མོ་གླང་མའི་སྒར་ས་ཆེན་པོར་བསྐྱལ་རྒྱུ་རེད།


བརྒྱུད་སྤྲོད་ཀྱི་སྐད་ཅིག་མའི་དུས་སྐབས།

            ཤེས་གསལ་ལྟར་ན། སློབ་གྲྭ་ཆེན་མོ་བའི་ལུས་རྩལ་འགྲན་ཚོགས་ལ་དགེ་མཚན་གང་ལེགས་འདོན་སྤེལ་དང་། ཐན་རྫས་ཉུང་བའི་འཚོ་བ་གསར་བ་རོལ་བར་སྐུལ་སྤེལ་བྱ་ཆེད། སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བཀོད་འདོམས་ལྟེ་གནས་གཞུང་སྒྲུབ་ཁང་གིས“ཐན་རྫས་ཉུང་བའི་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཀྲུང་གོར་བསྐྱོད”ཅེས་པའི་སློབ་ཆེན་པ་ལེ་དབར་ཁྲི་ཕྲག་བར་ལྕགས་རྟར་ཞོན་ནས་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་བསུ་བའི་བརྗོད་བྱ་ཆེན་པོ་བཅུ་ཡི་མུ་འབྲེལ་བྱེད་སྒོ་ཇུས་འགོད་བྱས།


སློབ་གྲྭ་ཆེན་མོ་བའི་ལུས་རྩལ་འགྲན་བསྡུར་གྱི་སྙིང་སྟོབས་གནས་འདི་ནས་འགོ་བརྩམས་སོང་།

            ཟླ7པའི་ཚེས28ཉིན་ལྷ་སར་འབྱོར་བའི་སློབ་ཆེན་པའི་ཕོ་ཉ་ལྕགས་རྟར་ཞོན་པའི་རུ་ཁག་འདི་ནི་བགྲོད་ལམ་བཅུའི་ནང་གི་“འཛམ་གླིང་གི་ཡང་རྩེ”ཞེས་པའི་ཡན་ལག་རུ་ཁག་ཆུང་ཆུང་ཞིག་ཡིན། རུ་ཁག་གི་རུ་གཙོ་གཞོན་པ་ཧོ་སི་ཡུན་གྱིས་གསར་འགོད་པར། ངའི་རུ་ཁག་འདི་ནི་ཟླ7པའི་ཚེས17ཉིན་གོར་མོ་ནས་ལམ་ལ་ཆས་པ་ཡིན། ཉིན12རིང་ཁུ་ནུ་རི་བོ་དང་གདང་ལ་རི་བོར་བརྒལ་ནས་མཐར་ཁོངས་མི་མི9བདེ་བླག་ངང་ལྷ་སར་འབྱོར་བ་ཡིན་ཟེར།
            ཟླ8པའི་ཚེས12ཉིན་ཧྲེན་ཀྲིན་ནས་འཛམ་གླིང་གི་སློབ་གྲྭ་ཆེན་མོ་བའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས26བ་དངོས་སུ་ཚོགས་འགོ་རྩོམ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།