དཔའ་རིས་གཉེན་སྲོལ་རྒྱུན་འཛིན་གྱི་ཤུལ་ཆད་པའི་ཉམས་ཉེན་ལ་འཕྲད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-02 11:06:00 ཀློག་གྲངས།:

            དཔའ་རིས་ས་ཆ་ནི་བོད་ཁུལ་གཞན་དང་མི་མཐུན་པར་གནའ་ནས་ད་བར་དར་བའི་གཉེན་སྲོལ་དང། ནང་དོན་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་གཟེངས་སུ་ཐོན་པའི་རྟ་རྒྱབ་རིག་གནས།   དམངས་ཁྲོད་བྲོ་གར་རིག་གནས་སོགས་གནས་འདིར་མུ་ནས་མུ་བར་དར་ཡོད་པ་རེད།  ཡིན་ནའང་ད་ལྟ་རྒྱུན་འཛིན་གྱི་ཐབས་ལམ་ཉག་ཕྲ་ཞིང་རྒྱུན་འཛིན་གྱི་ཤུལ་ཆད་པའི་ཉམས་ཉེན་ལ་འཕྲད་ཡོད་པ་རེད།  
            དཔའ་རིས་ས་ཁུལ་ནི་མཚོ་བོད་མཐོ་སྒང་དང་ས་སེར་མཐོ་སྒང་།  ནང་སོག་མཐོ་སྒང་བཅས་ཀྱི་སྦྲེལ་མཚམས་སུ་ཡོད་ཅིང་། མཚོ་ངོས་ལས་མཐོ་ཚད་ལ་ཆ་སྙོམས་སྨི2700ལྷག་དང་།  མི་གྲངས་ཁྲི22ལྷག་ལས་མེད་ལ།   བོད་རིགས་གཙོ་བྱས་པའི་ཧོས་རིགསདང་ཧོར་རིགས་།   རྒྱ་རིགས་སོགས་འཚོ་སྡོད་བྱས་ཡོད།  
            ལོ་ངོ1500སྔོན་དུ།   དཔའ་རིས་བོད་ཀྱི་དམངས་གླུ་ནི་གཉེན་སྟོན་སོགས་ཀྱི་ཡུལ་སྲོལ་དང་དམ་དུ་འབྲེལ་ལ།  གླུ་གཞས་རིག་གནས་ཁྲོད་དུ་དཔའ་རིས་མི་དམངས་ཀྱིས་གནའ་བོའི་དད་མོས་དང་སྲོལ་རྒྱུན་ཡུལ་གོམས་གཤིས་ལུགས་ཀྱི་ཆ་དུ་མ་སྩལ་ཏེ།   མཐའ་མར་གཉེན་སློང་བ་དང་།   བུ་མོའི་རྫོང་བ།  སྐྲ་སླས་པ།  ཁྱིམ་ནས་འབྲལ་བ།   མགྲོན་པོས་གླུ་ལེན་གར་རྩེ་བྱེད་པ་སོགས་ཀྱི་གཉེན་སྲོལ་དར་བ་རེད།  
            ས་གནས་བོད་མི་ཞིག་གིས་གསར་འགོད་པར་བཤད་རྒྱུར།   མགོ་སྔ་ཚང་བའི་གཉེན་སྟོན་ཞིག་ནི་ཏག་ཏག་ཉིན་གཅིག་གིས་མི་ཆོག་ལ།  ཉིན་འདི་འགའི་རིང་མགྲོན་པོས་ཆང་འདྲེན་པའི་གླུ་དང་།  བུ་མོ་རྣམས་ཀྱིས་ཁ་འབྲལ་བའི་གླུ།  བར་བས་གཉེན་སློང་བའི་གླུ་ལེན་པའི་སྲོལ་ཡོད་ཟེར།  
            དཔའ་རིས་རྫོང་རིག་རྩལ་ཅུའི་འགོ་གཙོ་གཞོན་པས་གསར་འགོད་པར་བཤད་རྒྱུར།  སྤྱི་ཚོགས་རིག་གནས་ཀྱི་འཕེལ་རྒྱས་འགྱུར་བ་དང་བསྟུན་ནས། དཔའ་རིས་ཀྱི་གཉན་སྲོལ་རིག་གནས་རྒྱུན་འཛིན་གྱི་ཤུལ་ཆད་པའི་ཉམས་ཉེན་ལ་འཕྲད་ཡོད་དེ།    དམངས་ཁྲོད་གཉེན་སྲོལ་རིག་གནས་ལ་རྒྱུས་ཆེ་བའི་ལོ་ལོན་རྒན་པ་དག་བསྟུད་མར་ཚེ་ལས་འདས་ཤིང་། གཞོན་སྐྱེས་རྣམས་ལ་དེང་རབས་རིག་གནས་ཀྱིས་ཤན་ཞུགས་པ་ཆེ་རུ་ཕྱིན་སྟབས་དེ་འདྲའི་མཐོང་ཆེན་དང་གཙིགས་སུ་མི་འཛིན་ལ།  ཡང་ན་མཐོང་ཆེན་བྱེད་འདོད་ཀྱང་ཐབས་ཟད་པའི་སྣང་ཚུལ་བྱུང་བ་རེད་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།