མཚོ་ལྷོ་ཁུལ་གྱིས་རྩྭ་ས་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་རོགས་དངུལ་ལམ་ལུགས་ལག་བསྟར་བྱེད་འགོ་བརྩམས།

རྩོམ་པ་པོ།:ཀླུ་འབུམ་བྱམས། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-08-03 08:44:00 ཀློག་གྲངས།:

            མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་རོགས་དངུལ་སྟེར་བའི་ལམ་ལུགས་དངོས་འབེབས་བྱེད་པའི་སྔོན་མའི་བྱ་བ་ངེས་པ་དོན་གྱིས་བཟང་བོར་སྒྲུབ་རྒྱུ་དམ་འཛིན་བྱས་ཏེ། ད་ལྟ་འབྲོག་ཁྱིམ82360གཏན་ལ་ཕབ་པ་དང་། འགན་གཙང་ལེན་བྱེད་དུ་བཅུག་པའི་འབྲོག་ཁྱིམ42527དང་། འགན་གཙང་ལེན་བྱས་པའི་རྩྭ་སའི་གཞི་ཁྱོན4723ཡོད། ཕྱུགས་བཀག་ས་ཁུལ་མུའུ2399ལྷག་དང་། རྩྭ་ས་དང་ཕྱུགས་ཟོག་དོ་མཉམ་ཡོང་བར་བྱེད་པའི་ས་ཁུལ་མུའུ2758ལྷག་ཐོག་མར་གཏན་ལ་ཕབ། 
            དེ་དང་མཉམ་དུ། མང་རྫོང་དང་ཁྲི་ཀ་རྫོང་གཉིས་ཀྱི་ཞང་དང་གྲོང་བརྡལ18རྟོག་ཞིབ་སྡེ་བར་བཀོད་དེ། ཁྱིམ་ཚང་ལ་སོང་ནས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའི་ཁ་གསབ་རོགས་དངུལ་སྟེར་བའི་ལམ་ལུགས་ལག་བསྟར་བྱེད་པའི་ཕྱོགས་ཀྱི་རྟོག་ཞིབ་དང་དཔེ་མཚོན་རྩིས་ཞིབ་བྱ་བ་བསྒྲུབས་ཏེ། དཔེ་མཚོན་རྩིས་ཞིབ་བྱས་པའི་མཇུག་འབྲས་དེ་ད་ལྟ་ཞིང་ཆེན་ཞིང་ཕྱུགས་ཐིན་ལ་དཔྱད་ཞིབ་བྱེད་པར་ཞུ་འབུལ་བྱས། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།