ཀྲུང་གོའི་བོད་རིག་པའི་འཐུས་ཚབ་ཚོགས་པས་ཨ་ཀེན་ཐིན་གྱི་ཕྱི་འབྲེལ་འགོ་བ་རྣམས་དང་བསམ་ཚུལ་བརྗེ་རེས་གནང་བ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:ཤིན་ཧྭ་དྲ་བ།    དུས་ཚོད།:2011-08-03 10:14:00 ཀློག་གྲངས།:

             ཨ་ཀེན་ཐིན་དུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་བོད་རིག་པའི་འཐུས་ཚབ་ཚོགས་པ་ཡིས་ཚེས1ཉིན་ཨ་ཀེན་ཐིན་གྱི་ཕྱི་འབྲེལ་དང་ཚོང་ལས། ཆོས་ལུགས་ལས་དོན་སྡེ་ཁག་གི་རྒྱལ་སྲིད་དྲུང་ཡིག་གཞོན་པ་ཧུའུ་ཨན་ལའོ་ལེ་ནུ་ལན་ཏ་ཝུའུ་ལེ་དང་ཐུག་འཕྲད་གནང་བ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཆོས་ལུགས་སྲིད་ཇུས་དང་། ཆོས་ལུགས་འཕེལ་རྒྱས་དང་སྲུང་སྐྱོབ་བཅས་ཀྱི་གྲུབ་འབྲས་དང་ཉམས་མྱོང་སྐོར་གྱི་བསམ་འཆར་བརྗེ་རེས་བྱས་པ་རེད།
             ཀྲུང་གོའི་བོད་རིག་པའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་སུའུ་ཧྥ་ཞང་གིས་བོད་ལྗོངས་ས་ཁུལ་གྱི་ཆོས་ལུགས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས། ཁོང་གིས་བཤད་རྒྱུར། བོད་ལྗོངས་ལ་ལོ་རྒྱུས་ཡུན་རིང་བའི་ཆོས་ལུགས་ཀྱི་སྲོལ་རྒྱུན་རིག་གནས་ལྡན་པ་དང་། ཆོས་ལུགས་གྲུབ་མཐའ་སོ་སོ་དུས་ཡུན་རིང་བོའི་ཁྲོད་དུ་འཆམ་མཐུན་མཉམ་གནས་བྱུང་ཡོད་པ་དང་། དད་ལྡན་མང་ཚོགས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་འོག་ཏུ། ཆོས་ལུགས་བྱ་འགུལ་གང་རུང་སྤེལ་བའི་རང་དབང་ངེས་ཅན་ཡོད་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ཀྱི་སྲོལ་རྒྱུན་ཆོས་ལུགས་དང་རིག་གནས་ལ་སྲུང་སྐྱོབ་བྱེད་ཆེད། མ་དངུལ་འབོར་ཆེན་འགྲོ་སོང་བཏང་བ་མ་ཟད། སྲིད་ཇུས་ཐད་ནས་ཀྱང་རྒྱབ་སྐྱོར་ཆེན་པོ་གནང་ཡོད་ཅེས་བཤད།
             བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་འགོ་འཛིན་ཚེ་རིང་རྒྱལ་པོ་དང་མི་རིགས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་དཔལ་འབྱོར་བྱམས་པ་རྣམ་གཉིས་ཀྱིས་བོད་ལྗོངས་ཀྱི་ཆོས་ལུགས་སྲུང་སྐྱོབ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
             ལན་ཏ་ཝུའུ་ལུའུ་ཡིས་ཀྲུང་གོའི་སྲིད་གཞུང་གི་ཆོས་ལུགས་སྲིད་ཇུས་དང་བོད་ལྗོངས་ཀྱི་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ཐད་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། ཁོང་གིས་བཤད་རྒྱུར། ཨ་ཀེན་ཐིན་གྱི་རྩ་ཁྲིམས་དང་མི་འགལ་བའི་ཆ་རྐྱེན་འོག་ཏུ། ཨ་ཀེན་ཐིན་སྲིད་གཞུང་གིས་རྒྱལ་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་སྲུང་སྐྱོབ་ངེས་ཅན་བྱེད་པ་དང་། ཆོས་ལུགས་གྲུབ་མཐའ་སོ་སོས་གྲུབ་མཐའ་དང་རིགས་རྒྱུད་བར་དུ་འགལ་བ་འབྱུང་བར་གཡོལ་ཐབས་དང་། ཆེ་ཆུང་གི་དབྱེ་བ་མེད་པར་འཆམ་མཐུན་མཉམ་གནས་དང་། མཉམ་དུ་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལངས་ཕྱོགས་བཏོན་ཡོད་ཅེས་བཤད།
             ཨ་ཀེན་ཐིན་གྱི་རྒྱལ་ཁབ་ཆོས་ལུགས་ཐོ་འགོད་ཅུས་ཀྱི་ཅུས་ཀྲང་ཨན་ཏི་ལེ་ཡ་ཏི་ཝེ་ཐ་ཡིས་ཀྲུང་གོའི་བོད་རིག་པ་བའི་འཐུས་ཚབ་ཚོགས་པ་ལ། ཨ་ཀེན་ཐིན་གྱི་ཆོས་ལུགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ས་དེའི་མི་དམངས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱ་ཐབས་སོགས་ངོ་སྤྲོད་བྱས་པ་རེད།
             ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཁག་གཉིས་ཀྱི་རིག་གནས་དང་ཞིབ་འཇུག་སྡེ་ཁག་ཕན་ཚུན་བར་འབྲེལ་འདྲིས་ཇེ་ཟབ་དང་། མཉམ་དུ་ཆོས་ལུགས་རིག་གནས་འཆམ་མཐུན་འཕེལ་རྒྱས་གཏོང་བའི་རེ་བ་བཏོན།
             ཀྲུང་གོའི་བོད་རིག་པའི་འཐུས་ཚབ་ཚོགས་པས་པ་ཞི་ལ་འཚམས་འདྲི་གནང་བ་མཇུག་རྫོགས་པ་དང་ཟླ7པའི་ཚེས 31ཉིན་ཨ་ཀེན་ཐིན་ལ་འཚམས་འདྲི་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།