ཀན་ལྷོ་ཁུལ་གྱིས་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་ཐོག་མ་བཙུགས་པའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-04 09:40:00 ཀློག་གྲངས།:


ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཐོག་མ་བཙུགས་པའི་
ཚོགས་འདུའི་ཡུལ་དངོས། (པར་རིས་ཡོང་ཁུངས།  བོད་མིའི་རིག་གནས་དྲ་བ།)

མདོ་འཛིན་པ་སྐལ་བཟང་སེམས་ཡག་དང་ཁོར་ཡུལ་སྲུང་སྐྱོབ་མཐུན་ཚོགས་ཀྱི་བློ་འདོན་པ་གཡང་སྐལ་བཟང་། 
(པར་རིས་ཡོང་ཁུངས།  བོད་མིའི་རིག་གནས་དྲ་བ།)


འགོ་ཁྲིད་པས་གསུང་བཤད་གནང་པ།  (པར་རིས་ཡོང་ཁུངས།  བོད་མིའི་རིག་གནས་དྲ་བ།)


ཀན་སུའུ་མི་རིགས་སློབ་གླིང་ཁོར་ཡུག་སྲུང་སྐྱོབ་དང་བླངས་པས་གླིང་བུའི་གཞས་བཏང་སྟེ་སེམས་གཏིང་ནས་
ལྗང་མདོག་ལ་རེ་སྒུག་བྱེད་པ།  (པར་རིས་ཡོང་ཁུངས།  བོད་མིའི་རིག་གནས་དྲ་བ།)


གངས་ལྷ་མེ་ཏོག་འཁྲབ་སྟོན་རུ་ཁག་གིས་འཁྲབ་སྟོན་བྱེད་པ། 
(པར་རིས་ཡོང་ཁུངས།  བོད་མིའི་རིག་གནས་དྲ་བ།)

            ཉེ་སྔོན།   ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་དང་ལུང་ཡོན་ཁོར་ཡུག་དུས་རབས་སུ་སྐྱོད་པ་ཀན་ལྷོ་རྩ་འཛུགས་ཨུ་ཡོན་དང་བླངས་རུ་ཁག་བཙུགས་པའི་ཚོགས་འདུ་དེ་ཀན་ལྷོ་གཙོད་གྲོང་ཁྱེར་གྱི་ཡུལ་སྐོར་ལྟེ་གནས་དོན་འགྲུབ་ལུང་བ་རུ་སྤེལ་ཞིང་།   འདིས་ཀན་ལྷོའི་ཐོག་དང་པོའི་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་བཙུགས་པ་དང་།  ཀན་ལྷོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ལས་རིགས་འདི་སྲིད་གཞུང་གཅིག་པུས་འགན་ཁུར་བ་དེ་སྤྱི་ཚོགས་ཡོངས་ཀྱི་ནུས་ཤུགས་སུ་བརྒྱུད་སྤྲོད་བྱས་པ་དང་།  དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་འགྲོ་ཞིང་།  ལྗང་མདོག་དཔལ་ཡོན་གྱི་སྤྱི་ཚོགས་རྣམ་པ་ཞིག་ཆགས་པར་ཡར་སྐུལ་དང་།   རྒྱུན་སྐྱོང་འཛད་སྤྱོད་ཀྱི་དུས་རབས་གསར་བའི་འཕེལ་ཁ་མཚོན་པ་རེད། 


བྲོ་གར་ཚོགས་པའི་ཆེད་ལས་འཁྲབ་སྟོན་པའི་གསོན་ཉམས་ལྡན་པའི་འཁྲབ་སྟོན། 
  (པར་རིས་ཡོང་ཁུངས།  བོད་མིའི་རིག་གནས་དྲ་བ།)


ཁོར་ཡུག་སྲུང་སྐྱོབ་དང་བླངས་པ་ཡོངས་ཀྱིས་སྤྲོ་སེམས་འཁོལ་བའི་སྐོར་བྲོ་འཁྲབ་པ། 
(པར་རིས་ཡོང་ཁུངས།  བོད་མིའི་རིག་གནས་དྲ་བ།)


ཚོགས་ཞུགས་མི་སྣ་རྒན་པས《མཛེས་སྡུག་གི་ཀན་ལྷོ།  ང་ཡི་ཕ་ཡུལ》ཞེས་པའི་གླུ་གཞས་བླངས་པ།
(པར་རིས་ཡོང་ཁུངས།  བོད་མིའི་རིག་གནས་དྲ་བ།)


ཚོགས་ཞུགས་འགོ་ཁྲིད་དང་ཁོར་ཡུག་སྲུང་སྐྱོབ་དང་བླངས་པ་ལྷན་དུ་པར་བསྐྱོན་པ། 
(པར་རིས་ཡོང་ཁུངས།  བོད་མིའི་རིག་གནས་དྲ་བ།)

            འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་རྣམ་པས་གཏམ་བཤད་གནང་བ་དང་།  འབྲེལ་ཡོད་མཛད་སྒོ་སྤེལ་རྗེས།  ཚོགས་འདུར་ཞུགས་པའི་ཁོར་ཡུག་སྲོང་སྐྱོབ་སྤྱི་ཚོགས་སྤྱི་ཕན་ལས་རིགས་ལ་རྒྱབ་སྐྱོར་བྱེད་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་དང་དང་བླངས་པ་སྒེར་གྱིས་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་།  མཇུག་མཐར།  དང་བླངས་པ་ཡོངས་ཀྱི་སྤྲོ་དགའི་སྐོར་བྲོ་འཁྲབ་སྟོན་ལས་ཡོངས་སུ་མཇུག་རྫོགས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།