བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་སྐབས་དགུ་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་རྩོམ་ལ་ཉེ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-04 10:18:00 ཀློག་གྲངས།:

            ཟླ8ཚེས3ཉིན།  བོད་རང་སྐྱོང་ལྗོངས་གསར་འགྱུར་སྙན་སྒྲོག་ཐིན་གྱིས་གཞིས་ཀ་རྩེ་ས་ཁུལ་གྱི་སྐབས་དགུ་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་སྙན་སྒྲོག་ཚོགས་འདུ་བསྡུས་ཤིང་།  གཞིས་ཀ་རྩེ་ས་གནས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ་སྲིད་འཛིན་སྤྱི་བཀོད་རྒྱུན་ལས་ཀྱི་ཆེད་མི་གཞོན་པ་བློ་མཐུན་དབང་འདུས་ལགས་ཀྱིས་གསར་འགྱུར་སྙན་སྒྲོག་ཚོགས་ཐོག་ཏུ་གཏམ་བཤད་གནང་བ་དང་གསར་འགོད་པའི་དྲི་བར་ལན་སློག་པ་རེད། 
            དབང་འདུས་ཀྱིས“རྒྱལ་ཡོངས་མི་རིགས་ཁག་གིས་ཀྲུང་གོ་ཀུང་ཁྲན་ཏང་བཙུགས་ནས་ལོ་འཁོར90ལོན་པ་དང་བོད་ཞི་བས་བཅིང་འགྲོལ་བཏང་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་བའི་དུས་འདིར།   གཞིས་ཀ་རྩེ་ས་ཁུལ་གྱི་སྐབས་དགུ་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་མི་འགྱངས་བར་འགོ་རྩོམ་རྒྱུ་ཡིན་པ་རེད”ཟེར།   དེ་མུར་ཁོས་ཆབ་སྲིད་དང་དཔལ་འབྱོར།   རིག་གནས།   ཡུལ་སྐོར་སོགས་ཀྱི་ཐད་ནས་གཞིས་ཀ་རྩེ་ས་ཁུལ་དང་སྐབས་དགུ་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་གནང་བ་རེད།  
            སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཟླ8ཚེས26ཉིན་ནས་དངོས་སུ་འགོ་རྩོམ་རྒྱུ་ཡིན་པ་དང་། དུས་ཡུན་ཉིན་ལྔའི་རིང་བྱ་འགུལ་སྤེལ་རྒྱུ་ཡིན་ཏེ།   རིག་གནས་དང་།  ཡུལ་སྐོར།  ཚོང་གཉེར།  དྲིལ་བསྒྲགས།  ཁོར་ཡུག་ལེགས་བཅོས།   ཡན་ལག་ཚོགས་རའི་བྱ་འགུལ་བཅས་ཚན་པ་དྲུག་འདུས་ཤིང་།  གཞིས་ཀ་རྩེ་ས་ཁུལ་གྱིས་རང་སྐྱོང་ལྗོངས་ཕྱི་ནང་གི་སྤྱི་ཚོགས་མི་སྣ་གང་རུང་དང་།  ཡུལ་སྐོར་བ་སོགས་གཞིས་རྩེ་ལ་ལྗོངས་རྒྱུ་དང་།  དུས་སྟོན་རྟེན་འབྲེལ།  ཚོང་འབྲེལ་བྱ་འགུལ་སོགས་སུ་ཞུགས་པར་དགའ་བསུ་ཞུས་པ་རེད།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།