མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་རོང་འབྲོག་རྟ་རྒྱུགས་ལུས་རྩལ་འགྲན་བསྡུར་རྨ་ལྷོ་སོག་རྫོང་དུ་ཚོགས་པ།
སྐབས་གཉིས་པའི་རོང་འབྲོག་རྟ་རྒྱུགས་ལུས་རྩལ་འགྲན་བསྡུར་རྨ་ལྷོ་ཁུལ་རྨ་ལྷོ་སོག་
རིགས་རང་སྐྱོང་རྫོང་གི་རྟ་རྒྱུགས་འགྲན་ར་རུ་གཟབ་རྒྱས་ངང་སྤེལ་པ།
ཟླ8ཚེས3ཉིན་གྱི་སྔ་དྲོ། དུས་ཡུན་ཉིན་གཉིས་བེད་སྤྱད་དེ་མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་རོང་འབྲོག་རྟ་རྒྱུགས་ལུས་རྩལ་འགྲན་བསྡུར་དང་ན་ཏ་མོ་ཚོགས་འདུ་གཉིས་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་རྟ་རྒྱུགས་འགྲན་ར་རུ་གཟབ་རྒྱས་ངང་སྤེལ་པ་རེད།
ལུས་རྩལ་པ་རྟ་རྒྱུགས་འགྲན་ར་རུ་བསྐྱོད་པ།
བུད་མེད་ལུས་རྩལ་པ་རྟ་རྒྱུགས་འགྲན་ར་རུ་བསྐྱོད་པ།
ན་ཏ་མོ་ཚོགས་འདུ་ནི་སོག་རིགས་སྲོལ་རྒྱུན་གྱི་མང་ཚོགས་འདུ་འཛོམས་ཤིག་ཡིན་ལ། ལོ་གཅིག་གི་ནང་ཁྱབ་རྒྱ་ཆེས་ཆེ་ཞིང་ནང་དོན་ཆེས་ཕུན་སུམ་ཚོགས་པའི་དུས་ཆེན་ཞིག་སྟེ། ནང་དོན་གྱི་ཆ་ནས་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་དང་རྣམ་པ་སྣ་མང་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། རྒྱ་ཆེ་བའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་པ་རེད།
མོ་ཏྲ་གཏོང་མཁན་ལུས་རྩལ་པ་གྲལ་བསྒྲིགས་ཏེ་རྟ་རྒྱུགས་འགྲན་ར་རུ་བསྐྱོད་པ།
གནས་འདིའི་ལོ་བཅུ་ལྷག་གི་བྱིས་པ་རྣམས་ཀྱང་རྟ་རྒྱུགས་ཀྱི་རྩལ་ལ་མཁས་ཏེ། ཁོ་ཚོའི་ཤ་ཁྲག་ལས་སོག་པོ་མི་རིགས་ཀྱི་ཟུངས་ཁྲག་ཁྱབ་ཅིང་། རྟ་རྒྱུགས་འགྲན་ར་རུ་རང་ཉིད་ཀྱི་རྩལ་མངོན་དུས་ནམ་ཡང་མི་རིགས་ཀྱི་སྟོབས་ཤུགས་འཇོན་ཞིང་མི་རིགས་ཀྱི་ཅོང་སྒྲ་སྒྲོག་པ་ལྟ་བུའི་ཉམས་སྣང་སྟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com