སྐབས་བཞི་བའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ་དུ་སྤེལ་པ།
བོད་ལྗོངས་ནུབ་རྒྱུད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་ཞང་ཞུང་རིག་གནས་ཁྱབ་སྤེལ་བྱེད་ཆེད། ཟླ8ཚེས3ཉིན། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་མངའ་རིས་སེང་གེ་ཁ་བབས་གྲོང་རྡལ་དུ་སྐབས་བཞི་བའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་པ་རེད།
སྐབས་འདིའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྐབས་སུ། མངའ་རིས་ཀྱིས་རྣམ་པ་མང་པོའི་ཡུལ་སྐོར་དྲིལ་སྒྲོག་བྱ་འགུལ་སྤེལ་པ་དང་། ཡུལ་སྐོར་བ་རྩ་འཛུགས་བྱས་ཏེ་ལྗོངས་དངོས་ཀྱི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཡུལ་ལྗོངས་ལ་ལྟ་སྐོར་བྱེད་དུ་བཅུག་པ། དེ་དང་ཆབས་ཅིག་ཏུ་མངའ་རིས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར60ལོན་པའི་གྲུབ་འབྲས་འགྲེམ་སྟོན་བྱས་པ་སྟེ། 1951ལོའི་ཟླ8ཚེས3ཉིན་མངའ་རིས་ཞི་བས་བཅིངས་འགྲོལ་བྱས་པ་ནས་བཟུང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྣ་ཚོགས་བསྟན་པ་རེད།
མངའ་རིས་ས་ཁུལ་སྲིད་འཛིན་སྤྱི་བཀོད་རྒྱུན་ལས་ཀྱི་ཆེད་མི་ཟླ་བ་བཀྲ་ཤིས་ཀྱིས་བཤད་རྒྱུར། མངའ་རིས་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་འདི་ད་བར་དུ་སྐབས་གསུམ་ལ་སྤེལ་པ་ཡིན་ཞིང་། མངའ་རིས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་པ་དང་། “བོད་ལྗོངས་ནུབ་རྒྱུད་ཀྱི་གསང་གནས། སྟེང་ཕྱོགས་མངས་རིས”ཞེས་པའི་ཡུལ་སྐོར་གྱི་སྣང་བརྙན་རྒྱ་ཁྱབ་དུ་དྲིལ་བསྒྲགས་བྱེད་ཐུབ་པ་བྱུང་ཟེར།
ཞང་ཞུང་ནི་བོད་ལྗོངས་གནའ་རབས་ལོ་རྒྱུས་ཀྱི་རྒྱལ་ཁམས་ཤིག་ཡིན་ཏེ། ཧ་ལམ་སྤྱི་ལོ་དུས་རབས7པའི་སྐབས་སུ་ཐུ་བྷོད་རྒྱལ་ཁམས་ཀྱིས་མངའ་བསྒྱུར་བ་རེད། མངའ་རིས་ས་ཁུལ་གྱི་ཞང་ཞུང་གླང་ཆེན་ཁ་འབབ་དང་སེང་གེ་ཁ་འབབ་སོགས་ཀྱི་ཆུ་རྒྱུན་དག་ནི་ཞང་ཞུང་གི་དཀྱིལ་དབུས་ཡིན་ཞིང་། འདི་ནས་ས་གནས་རང་གི་ཆོས་ལུགས་དང་ཡི་གེ གསོ་རིག་སོགས་ཞང་ཞུང་རིག་གནས་བརྡོལ་བ་དང་། བོད་ལྗོངས་ཤེས་རིག་ལོ་རྒྱུས་སུ་གལ་ཆེ་བའི་གོ་གནས་ཟིན་ཡོད།
ཟླ་བ་བཀྲ་ཤིས་ཀྱིས“ཉེ་བའི་ལོ་འགའི་ནང་འོད་སྟོང་ལྡན་པའི་ཞང་ཞུང་རིག་གནས་ཀྱིས་ཡུལ་སྐོར་བ་དང་རིག་གནས་ཞིབ་འཇུག་པ་གང་མང་གི་ཡིད་དབང་གསོས་ཏེ་མངའ་རིས་སུ་སླེབས་པ་ཡིན་ལ། སྙན་གྲགས་འབར་བའི་གངས་རིན་པོ་ཆེ་དང་། མ་ཕམ་གཡུ་མཚོ། དེ་མིན་རྩ་མདའ་མཐོ་ལྡིང་དང་། གུ་གེ་རྒྱལ་ཁམས་ཀྱི་ཤུལ་གནས་སོགས་འཛམ་གླིང་རང་བཞིན་གྱི་ཡུལ་སྐོར་ཐོན་ཁུངས་ཀྱིས་མངའ་རིས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་པ་རེད”ཅེས་བཤད།
མངའ་རིས་ས་ཁུལ་ཡོངས་སུ219རྒྱལ་ཁབ་གཞུང་ལམ་ལེགས་འགྲུབ་བྱུང་བ་དང་། 2010ལོའི་ཟླ7པར་བོད་ལྗོངས་མངའ་རིས་གནམ་གྲུ་ཐང་དངོས་སུ་ཤར་གཏོང་བྱས་པས། ས་ཐག་རིང་བའི་མངའ་རིས་སུ་འགྲིམ་འགྲུལ་གྱི་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། དེ་དང་བསྟུན་ཏེ་ཡུལ་སྐོར་འཕེལ་རྒྱས་ཀྱང་མྱུར་སྐྱོད་གཞུང་ལམ་དུ་ཞུགས། ད་ལོའི་ལོ་འགོར། མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི5བསུས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com