དཔའ་རིས་སུ“གཉུག་གནས་དམངས་གླུའི” འགྲན་བསྡུར་གྱི་གླུ་ལེན་ཆེད་ཚོགས་ཚོགས་པ།

རྩོམ་པ་པོ།:ཟླ་བཟང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-08-06 10:42:00 ཀློག་གྲངས།:


འགྲན་བསྡུར་གྱི་ཡུལ་དངོས།

  ཟླ7པའི་ཚེས31ཉིན། ལོ་ངོ་སྟོང་ཕྲག་ལྷག་གི་མི་རིགས་ཤེས་རིག་རྒྱུད་འཛིན་དང་ས་གནས་དམངས་ཁྲོད་རིག་གནས་དར་སྤེལ་གཏོང་ཆེད་དང་དཔའ་རིས་ས་ཁུལ་གྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་མྱུར་སྐྱོབ་བྱེད་ཆེད། “ཏུན་ཧོང་ལ་བསྐྱོད་པ་དང་དར་གོས་ཚོང་ལམ་གྱི་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན”གྱི་དུས་བབ་དང་བསྟུན་ནས་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་རྫོང་གློག་བརྙན་ཟློས་གར་ཁང་ནས་ས་དེའི “གཉུག་གནས་དམངས་གླུའི” འགྲན་བསྡུར་གྱི་གླུ་ལེན་ཆེད་ཚོགས་ཞིག་བསྡུས་ལ། འགྲན་བསྡུར་ལ་ཞུགས་མཁན་གྱི་འགྲན་ཞུགས་མི་སྣ་ཚང་མ་དམངས་ཁྲོད་ནས་ཡོང་བ་རེད། ཐེངས་དེའི་འགྲན་བསྡུར་ལ་ལོ་གྱ་གཅིག་ལ་སླེབས་པའི་རྒན་པ་བཅས་ལོ་ཚད་མི་འདྲ་བའི་ས་གནས་རང་གི་གླུ་བ་གླུ་མ་མང་པོ་ཞུགས་ཡོད་པ་དང་། འགྲན་བསྡུར་གྱི་ནང་དོན་ནི་དཔའ་རིས་བོད་རིགས་ཀྱི་གཉུག་གནས་དམངས་གླུ་རྐྱང་རྐྱང་རེད།


ལྟད་མོ་བའི་ཟུར་ཞིག

འགྲན་བསྡུར་ལས་བྱ་དགའ་ཐོབ་པའི་གླུ་བ་གླུ་མ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།