མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དུ་སྐབས་དང་པོའི་ཐང་གའི་སྒྱུ་རྩལ་དུས་ཆེན་ཚོགས་འགོ་བརྩམས་པ།
མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གིས་རེབ་གོང་ནས་བཟོ་སྐྲུན་བྱས་པའི་
ཐང་ག་ཆེན་མོ་འགྲེམ་སྟོན་བྱེད་བཞིན་པ།
ཟླ8པའི་ཚེས6ཉིན། སྐབས་བཞི་བའི་མཚོ་སྔོན་གྱི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་དང་རིག་གནས་ཤུལ་བཞག་དངོས་མང་སྟོན་ཚོགས་གྲས་ཀྱི་བྱ་འགུལ་གཙོ་བོ་གཅིག་སྟེ་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་སྐབས་དང་པོའི་ཐང་གའི་སྒྱུ་རྩལ་དུས་ཆེན་འགོ་བརྩམས་པ་རེད། ཉིན་དེར་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་མདུན་ངོས་ཀྱི་ཐང་ཆེན་དུ་རིང་ཚད་ལ་སྨི47དང་ཞེང་ལ་སྨི37ཡོད་པའི་ཐང་ག་ཆེན་མོ་ཞིག་བཀྲམ་པས་ལྟ་མཁན་མང་པོ་ཞིག་ཡུལ་དེར་བཀུག་པ་རེད།
ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་མཚོན་བྱེད་རང་བཞིན་དོད་པོ་ལྡན་པའི་སྒྱུ་རྩལ་གྱི་མཚོན་སྟངས་ཤིག་ཡིན་ཞིང་། ལྷག་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཁྲོད་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་གཙུག་ཆེན་ཞིག་ཡིན་གཤིས། ཐང་གའི་སྒྱུ་རྩལ་ཁྱབ་བརྡལ་དང་མཚོ་སྔོན་གྱི་མཐུན་མིན་རིག་གནས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་ཆེད། མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གིས་ད་ལོ་ནས་བཟུང་ལོ་རེའི་ཟླ8པའི་གཟའ་མཇུག་དང་པོར་ཐང་གའི་སྒྱུ་རྩལ་དུས་ཆེན་བསྡུ་རྒྱུའི་གཏན་ཁེལ་བྱས་པ་རེད།
ཐེངས་འདིའི་ཐང་གའི་སྒྱུ་རྩལ་དུས་ཆེན་གྱིས་བོད་ལྗོངས་དང་། སི་ཁྲོན། ཀན་སུའུ་སོགས་ནས་ཐང་གའི་སྒྱུ་རྩལ་པ་དང་ལྷ་རིས་པ་སྐད་གྲགས་ཅན་གདན་འདྲེན་བྱས་ཡོད། ཉིན་དེར་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའི་ཅུའུ་ཀྲང་ཝུའུ་ཏ་ཝེས་བསྟན་དོན། ཐང་གའི་སྒྱུ་རྩལ་དུས་ཆེན་ནི་དམིགས་བསལ་གྱི་དོན་སྙིང་ལྡན་པའི་བྱ་འགུལ་ཞིག་ཡིན་པ་སྟེ། ཐང་གའི་སྒྱུ་རྩལ་སློབ་སྦྱོང་དང་བརྗེ་རེས་བྱེད་པར་སྟེགས་བུ་ཞིག་བསྐྲུན་པ་མ་ཟད། གནས་སྐོར་བ་རྣམས་ཀྱིས་ཡིད་དུ་འོང་བའི་མཚོ་སྔོན་གྱི་རིག་གནས་ཁྱད་ཆོས་རོལ་མྱོང་བྱེད་ཐུབ་པ་རེད་ཟེར། རྒྱུས་ལོན་པ་ལྟར་ན། ཉིན་གཉིས་རིང་རྟེན་མཛོད་གླིང་གིས་ད་དུང་ཐང་གའི་སྒྱུ་རྩལ་གྱི་བགྲོ་གླེང་ཚོགས་འདུ་དང་ཕུལ་བྱུང་ཐང་ག་འགྲེམ་སྟོན་སོགས་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com