རྔ་བ་ཁུལ་ཧུང་ཡོན་རྫོང་གིས་ད་ལོར་མི་ཁྲི་ལྷག་གི་འཐུང་ཆུའི་གནད་དོན་ཐག་གཅོད་རྒྱུ་ཡིན་པ།

རྩོམ་པ་པོ།:བསྟན་འཛིན་དབང་གྲགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-08 09:46:00 ཀློག་གྲངས།:

            གསར་འགོད་པས་ཧུང་ཡོན་རྫོང2011ལོའི་ཞིང་སྡེའི་འཐུང་ཆུ་བདེ་འཇགས་གྲྭ་འཛུགས་སྐྲུན་སྡེ་ཁག་ནས་རྒྱུས་ལོན་བྱུང་བར། ད་ལོར་རྫོང་དེའི་ཞིང་སྡེའི་མི་གྲངས་ཁྲི་གཅིག་ལྷག་གི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུའི་འཆར་གཞི་བཏོན་ནས་མང་ཚོགས་ཀྱིས་སེམས་བདེ་མོའི་ངང་ཆུ་འཐུང་ན་ཆོག་པར་བྱེད་རྒྱུ་རེད།
            ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གྲྭར་མ་དངུལ་ཁྲི་དྲུག་བརྒྱ་ལྷག་བཏང་ནས་རྫོང་དེའི་ཞིང་འབྲོག་མི་དམངས་རུས་ཚིགས་ནད་ཅན་དང་འཐུང་ཆུ་བདེ་འཇགས་མིན་པ་ཚབས་ཆེ་བའི་ཡུལ་གྲོང་གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།
            རྒྱུས་ལོན་བྱུང་བ་ལྟར་ན། ལས་གྲྭ་དེས་ཡུལ་གྲོང་བཅུའི་སྡེ་བ་ཉེར་དྲུག་ཏུ་བསྡོམས་པའི་རང་འབབ་ཆུ་མཛོད་བཅུ་གཅིག་དང་ཆུ་འདོན་ལས་གྲྭ་ལྔ་བསྐྲུན་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་གཙང་མ་ཡིན་པའི་ཆུ་བཏུང་ན་ཆོག་པས་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་བསྒྱུར་བྱེད་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།