བོད་ཀྱི་རིག་དངོས་སྲུང་སྐྱོབ་ཀྱིས་འོད་སྟོང་འབར་བའི་ཤེས་དཔལ་དར་སྤེལ་བཏང་བ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ།   དུས་ཚོད།:2011-08-08 12:03:00 ཀློག་གྲངས།:

              དུས་ཡུན་ལོ་གཉིས་ཀྱི་གཙུག་ལག་ཁང་གི་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གཞི་དེ་ད་ལོར་བདེ་བླག་ངང་ལེགས་གྲུབ་ཟིན་པ་རེད། ལོ་ངོ1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གཙུག་ལག་ཁང་གི་རྟེན་གཙོའི་ལྷ་ཁང་དང་འཁྱམས་ར་སོགས་ཀྱི་གྱང་ངོས་ལ་སེར་ག་གས་པ་དང་ཀ་བ་སོགས་ལ་བུ་རྒྱབ་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པས། སྤྱི་ལོ2009ལོར་ཀྲུང་དབྱང་སྲིད་གཞུང་ནས་མ་དངུལ་སྒོར་ཁྲི་ཚོ1817བཏང་སྟེ་གཙུག་ལག་ཁང་ལ་གཞི་ཁྱོན་ཆེན་པོས་ཉམས་གསོ་བྱས་པ་རེད།
              རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལེའུ་ཧྲི་ཀྲུང་གིས་གཙུག་ལག་ཁང་སྲུང་སྐྱོབ་ཉམས་གསོའི་ལས་གཞི་དེ་ནི་ལོ་ལྔ་ཚན་བཅུ་གཅིག་པའི་རིང་གི་བོད་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས22ཀྱི་གྲས་ཤིག་ཡིན་པ་དང་། ད་བར་གཙུག་ལག་ཁང་སྲུང་སྐྱོབ་ཉམས་གསོ་ལས་གཞིའི་ཁྲོད་མ་དངུལ་གཏོང་མང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཞིག་རེད་ཅེས་གསུངས་པ་རེད།
              བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ60སོང་རིང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ལྗོངས་ཀྱི་རིག་གནས་ཤུལ་གཞག་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་རྒྱུར་མཐོང་ཆེན་པོ་གནང་ནས། མ་དངུལ་འབོར་ཆེན་བཏང་སྟེ། དུས་ཐོག་ཏུ་རིག་དངོས་མང་པོར་ཉམས་གསོ་དང་སྲུང་སྐྱོབ་གནང་ཡོད། ལྷག་པར་དུ་དུས་རབས་གོང་མའི་ལོ་རབས80པའི་ཚུན་དུ་རྒྱལ་ཁབ་ཀྱིས་ཁྱོན་མ་དངུལ་སྒོ་དུང་ཕྱུར10ཙམ་བཏང་ནས་སྔ་རྗེས་སུ་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ། ས་སྐྱ་དགོན་པ་བཅས་གཙོ་གནད་རིག་དངོས་གསུམ་གྱི་སྲུང་སྐྱོབ་ཉམས་གསོའི་ལས་གཞི་དང་། ལོ་ལྔ་ཚན་བཅུ་གཅིག་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གཞི22ལག་བསྟར་བྱས་ཡོད་པ་རེད། 
              ད་ལྟ་ལྗོངས་ཡོངས་སུ་རིགས་མི་འདྲ་བའི་རིག་དངོས་ཁུལ4283ཡོད་པའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ35དང་། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ112གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ183རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར3བཅས་ཡོད་པ་རེད། ཕོ་བྲང་པོ་ཏ་ལ་འཛམ་གླིང་རིག་གནས་ཤུལ་བཞག་མིང་ཐོའི་ནང་ཚུད་པ་དང་གཙུག་ལག་ཁང་དང་ནོར་བུ་གླིང་ཁ་དེའི་རྒྱ་བསྐྱེད་རྣམ་གྲངས་ནང་ཚུད་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།