སྙན་ངག་པ་དགའ་བདེ་ཚེ་རིང2011ལོའི་ཀྲུང་གོའི་ཕུལ་བྱུང་ན་གཞོན་སྙན་ངག་པ་བཅུའི་ནང་བདམས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-08 12:17:00 ཀློག་གྲངས།:


2011ལོའི་ཀྲུང་གོའི་ཕུལ་བྱུང་ན་གཞོན་སྙན་ངག་པ་བཅུའི་ནང་བདམས་པའི་བོད་ཀྱི་ན་གཞོན་སྙན་ངག་པ་དགའ་བདེ་ཚེ་རིང་།

            ཉེ་ལམ།     ཀྲུང་གོ་སྨྱན་བྱད་དྲ་སྦྲེལ་གྱིས་གཙོ་སྒྲུབ་གནང་ལ།  《ཚ་མཚོ》རྩོམ་རིག་དུས་དེབ་དང་།  ཀྲུང་གོ་རྒྱལ་སྤྱི་རིག་གནས་ཐོན་ལས་དྲ་བ།  80ལོ་རྗེས་ཀྱི་སྒེའུ་ཁུང་།  ཚ་མཚོ་དྲ་བ་སོགས་ཀྱིས་རོགས་སྒྲུབ་གནང་བའི2011ལོའི་ཀྲུང་གོའི་ཕུལ་བྱུང་ན་གཞོན་སྙན་ངག་པ་བཅུ་བདམས་པ་ཁྱབ་བསྒྲགས་བྱས་ཤིང་།   བོད་ཀྱི་ན་གཞོན་སྙན་ངག་པ་དགའ་བདེ་ཚེ་རིང་དེའི་གྲས་སུ་ཚུད་འདུག
            ཐེངས་འདིའི2011ལོའི་ཀྲུང་གོའི་ཕུལ་བྱུང་ན་གཞོན་སྙན་ངག་པ་བཅུ་བདམས་པའི་དཔྱད་འདེམས་པ་ནི་ཧེ་ནན་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧྥུ་གོ་ཧྥང་དང་།     རིག་གནས་ཀྲུང་གོ་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ།  མིང་དུ་གྲགས་པའི་སྒྱུ་རྩལ་ཇུས་འགོད་པ་ཀོལ་སུང་སོགས་དུ་མ་ལས་གྲུབ་ཅིང་།  ཐོག་མའི་སྙན་ངག་པ100ལྷག་ལས་མཇུག་མཐར་མི་བཅུ་གཏན་ཁེལ་བྱས་པ་རེད།  
            རྒྱུས་ལོན་བྱས་པ་ལྟར་ན།  ཀྲུང་གོའི་ཕུལ་བྱུང་ན་གཞོན་སྙན་ངག་པ་བཅུ་འདེམས་པའི་སྲོལ་འདི་ལོ་རེར་སྤེལ་གྱི་ཡོད་པ་དང་།  བོད་ཀྱི་ན་གཞོན་སྙན་ངག་པ་དགའ་བདེ་ཚེ་རིང་བསྟུད་མར་ལོ་གསུམ་ལ་ཀྲུང་གོའི་གཟེངས་སུ་ཐོན་པའི་ན་གཞོན་སྙན་ངག་པ་བཅུའི་གྲས་སུ་བདམས་པ་རེད།  
            དཔྱད་གཏམ་བརྗོད་མཁན་ཧོ་ཅུན་མཱིན་གྱིས་བཤད་རྒྱུར།  དགའ་བདེ་ཚེ་རིང་གི་སྙན་ངག་ལས་ངས་ཆ་ཡོངས་སུ་རྫོགས་པའི་སྙན་ངག་པར་ངོས་ཤིག་སྤྱི་ཚོགས་རིང་ལུགས་དུས་རབས་མཇུག་གི་དཀོན་ནོར་ཞིག་ཏུ་བསམ་ཞིང་དེའི་གོ་རིམ་ཁྲོད་ཀྱི་དཀའ་ཚེགས་ངེས་བྱུང་། འཛམ་གླིང་རང་བཞིན་དང་། གྲོང་ཁྱེར་རང་བཞིན།  ས་གནས་རང་བཞིན།   ཁྱས་ཆོས་ཅན་གྱི་དུས་རབས་སུ་དགའ་བདེ་ཚེ་རིང་གི་ཐོབ་ཐང་འདི་ཧ་ཅང་གལ་ཆེ་བར་སྣང་སྟེ།  རང་ཉིད་ཀྱི་གོམས་གཤིས་སུ་ཆགས་པའམ་བསམ་གྱིས་འབད་པ་གང་ཡིན་ཡང་།  དགའ་བདེ་ཚེ་རིང་གིས་མི་རིགས“ས་གཤིས་རིག་པ”འི་རྟེན་གཞི་སླར་གསོ་དང“ཕ་སྐད”ལ་དུངས་བའི་སེམས་འདུན་དག་སྙན་ངག་གི་སྨྱུག་རྩེ་ལས་མི་རྣམས་ཀྱིས་རང་ཤུགས་སུ་ངེས་ཐུབ་པ་རེད།   ཡིན་ཡང་ང་ཚོས་དགའ་བདེ་ཚེ་རིང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་སྙན་ངག་གི“ས་གནས་རང་བཞིན”ལ་ཚད་ལས་བརྒལ་བའི་ཤུགས་སྣོན་བྱེད་པ་དང་ཆབས་ཅིག་ཏུ།   དོན་དངོས་ཐོག་ཆ་ཚང་བའི་སྙན་ངག་གི་ཚིག་སྦྱོར་བྱེད་ཐབས་ཕྱོགས་ལ་གོ་བ་ལོག་ལེན་བྱས་པའི་ནོར་འཁྲུལ་གྱི་ལྟ་བ་ཡོ་བསྲང་བྱེད་ཐུབ་ཀྱི་ཡོད།   གང་ལྟར་དགའ་བདེ་ཚེ་རིང་གི་ཁྱད་དུ་འཕགས་པའི་སྙན་ངག་སྒྱུ་རྩལ་དང་སྐད་ཆ་བཤད་ཐབས་སོགས་ཀྱིས་ང་རང་སྙན་ངག་པ་འདིར་སྤྲོ་སེམས་ཆེན་པོ་འཁོལ་དུ་བཅུག་བྱུང་ཟེར།   
            དགའ་བདེ་ཚེ་རིང་ནི1981ལོའི་ཟླ9ཚེས18ཉིན་མཚོ་སྔོན་མང་རྫོང་དུ་སྐྱེས་ཤིང་།   ཁོང་གི་བརྩམས་ཆོས་མི་ཉུང་བ་དབྱིན་སྐད་དང་།  སོག་སྐད།  ཡུ་གུར་སྐད་སོགས་སུ་བསྒྱུར་ནས་ཡོད་ལ།  “དམངས་ཁྲོད་རྩོམ་འབྲི”དང་།  “80ལོའི་རྗེས”ཀྱི་སྙན་ངག་ལས་འགུལ།  སྔོན“བོད་ཀྱི་མི་རབས་གསུམ་པའི་སྙན་ངག་པ”བཅས་ཀྱི་ཚབ་བྱེད་མི་སྣ་གལ་ཆེན་ཞིག་ཡིན།  དེ་མིན།   “བོད་ལྗོངས་སྙན་ངག་ལོ་ཟུང་འགྲེམ་སྟོན”གྱི་ཇུས་འགོད་པ་གཙོ་བོ་དང་།  “ངུར་སྨྲིག་གི་ས་ཁྲ”ཞེས་པའི་གླེང་སྟེགས(2005)ཀྱི་གཙོ་འདོན་པའང་ཡིན་ལ།  རྒྱལ་ཁབ་ཕྱི་ནང་དུ“བོད་ཀྱི་སྙན་ངག་གི་གདོང་འཁྱོངས་པ”ཞེས་པའི་མཚན་སྙན་མི་དམན་པ་གསོལ་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།