ནག་ཆུ་ས་ཁུལ་དུ་འཆར་ཅན་རྟ་རྒྱུག་འགྲན་སྡུར་གྱི་སྒྱུ་རྩལ་དུས་ཆེན་ཚོགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-11 09:42:00 ཀློག་གྲངས།:


བྱང་ཐང་གི་འབྲོག་པ་མང་ཚོགས་ཀྱིས་སྐོར་བྲོ་འཁྲབ་བཞིན་པ།

  ཟླ8པའི་ཚེས10ཉིན། ནག་ཆུ་ས་ཁུལ་གྱི་འབྲོག་པ་མང་ཚོགས་བྱང་ཐང་རྩྭ་ཐང་དུ་ལྷན་ཅིག་ཏུ་འཛོམས་ཏེ་འཆར་ཅན་རྟ་རྒྱུག་འགྲན་སྡུར་གྱི་སྒྱུ་རྩལ་དུས་ཆེན་ཚོགས་པ་རེད། དུས་ཆེན་འདི་ནི་རིག་རྩལ་དང་། རྩལ་སྦྱོང་། དཔལ་འབྱོར་ཉོ་ཚོང་སོགས་ཀྱི་བྱ་འགུལ་གཅིག་ཏུ་འདུས་པ་ཞིག་ཡིན་ཞིང་། ཚོགས་ཡུན་ནི་གཟའ་འཁོར་གཅིག་ཡས་མས་ཤིག་ཡིན།
  སྒྱུ་རྩལ་དུས་ཆེན་འདིའི་ཁྲོད། ས་དེ་གའི་མང་ཚོགས་ཀྱིས《བྱང་ཐང་ལ་ཕུལ་བའི་བསྟོད་གླུ》ཞེས་པའི་གླུ་གར་ཆེན་མོ་འཁྲབ་སྟོན་བྱས་པ་དང་མཉམ་དུ། རྟ་རྩལ་འཁྲབ་སྟོན་དང་། གེ་སར་གྱི་སྒྲུང་བཤད་པ། ཡུལ་དེའི་བོད་མི་རིགས་ཀྱི་གྱོན་ཆས་འཁྲབ་སྟོན།  དེ་མིན་སྐོར་བྲོ་འཁྲབ་པ་སོགས་ཀྱི་ལྟད་མོ་རབ་དང་རིམ་པ་འཁྲབ་སྟོན་བྱས་པས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། ལུས་ལ་གཟབ་འཆོར་སྤྲས་པའི་མང་ཚོགས་ཀྱང་གླུ་དབྱངས་དང་སྡེབ་ནས་སྐྱིད་པའི་གར་ལ་རོལ་ཏེ་བདེ་སྐྱིད་ཀྱི་འཚོ་བ་དང་ལོ་ལེགས་འབྱུང་བར་བསྟོད་གླུ་ཕུལ་བ་རེད།


གེ་སར་གྱི་འཆམ་འཁྲབ་པ།

བྱང་ཐང་གི་འབྲོག་པ་མང་ཚོགས་ཀྱིས་རྟ་ཐོག་ཏུ་ཁ་བཏགས་འཐུ་བའི་རྩལ་འགྲན་པ།

ས་དེའི་སློབ་ཆུང་གི་སློབ་མས་འཁྲབ་སྟོན་བྱེད་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།