པར་རིས206ཙམ“2011ལོའི་ཀྲུང་གོའི་ཇོ་མོ་གླང་མའི་པར་རིས་འགྲེམ་སྟོན་ཆེན་མོ”རུ་བདམས་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-08-14 10:11:00 ཀློག་གྲངས།:


《བོད་ཡུལ་གྱི་ལོ་ཟླ》

              ཟླ8པའི་ཚེས1ཉིན་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། ཀྲུང་གོའི་པར་ལེན་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་གནང་བའི2011ལོའི་ཀྲུང་གོའི་བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམ་སྟོན་སྐབས་བཞི་བའི་བརྩམས་ཆོས་དཔྱད་འདེམས་ཀྱི་མཇུག་འབྲས་ཕྱིར་བསྒྲགས་པ་རེད། དཔྱད་འདེམས་པ9ཡིས་དཔྱད་འདེམས་བྱས་མཐར། པར་རིས་བརྩམས་ཆོས206བདམས་ཐོན་བྱུང་བ་དང་། དེའི་ནང་དུ་ཀྲེ་ཅང་གི་ཡེ་ཝུན་ལུང་གི《བོད་ཡུལ་གྱི་ལོ་ཟླ》ཞེས་པའི་པར་རིས་བརྩམས་ཆོས་ཀྱིས་ཨང་དང་པོ་བླངས་པ་རེད།
              2011ལོའི་ཀྲུང་གོའི་བོད་ལྗོངས་ཇོ་མོ་གླང་མའི་པར་རིས་འགྲེམ་སྟོན་ཆེན་པོ་སྐབས་བཞི་བའི་སྟེང་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ས་གནས32ནས་ཡོང་བའི་པར་ལེན་མཁན་དང་པར་ལེན་ལ་དགའ་བ་རྣམས་ཀྱི་པར་རིས་ཁྲི་ལ་ཉེ་བ་ལྷག་འབྱོར་ཞིང་། པར་རིས་ཀྱི་གྲངས་ཀ་དང་སྐུར་མཁན་གྱི་མི་གྲངས་ལོ་རྒྱུས་སྟེང་སྔར་བྱུང་མྱོང་མེད་པ་རེད།
              པར་རིས་འགྲེམ་སྟོན་དེ་ཟླ8པའི་ཚེས28ཉིན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནས་ཐོག་མར་འགོ་རྩོམ་རྒྱུ་མ་ཟད། མཛད་སྒོའི་སྟེང་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་རྒྱུ་རེད། 


ཕྱིར་ལོག་པ།

ཉི་ཟེར་ཁྲོད་ཀྱི་བཀྲ་ཤིས་ལྷུན་པོའི་དགོན།

མཐོ་སྒང་གི་གླག་རྒོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།