པེ་ཅིང་བོད་སྨན་ཁང་དེ་རྒྱལ་ཁབ་ཀྱི་མི་རིགས་སྨན་ཁང་གཙོ་བོར་གྱུར་པ།
ཞིབ་དཔྱད་ཆེད་མཁས་པ་དང་ཀྲུང་གོའི་ཀྲུང་སྨན་དོ་དམ་ཅུས། པེ་ཅིང་གྲོང་ཁྱེར་ཀྲུང་སྨན་ཅུས་ཀྱི་འགོ་ཁྲིད།
པེ་ཅིང་བོད་སྨན་ཁང་བཅས་ཀྱིས་གྲུབ་པའི་ཞིབ་དཔྱད་ཁོངས་མིས་མཉམ་གཅིག་ཏུ་པར་བརྒྱབ་པ།
ཉེ་ལམ་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན་བཅས་ནས་ཡོང་བའི་བོད་སྨན་ཆེད་མཁས་པ11གིས། པེ་ཅིང་བོད་སྨན་ཁང་གིས་མི་རིགས་གསོ་སྨན་གྱི་ཁྱད་ཆོས་དགེ་མཚན་ལྡན་པ་བཏོན་པའི་ཐབས་ཚུལ་དང་། མི་སྣ་བཀོད་སྒྲིག་དང་ཟབ་སྦྱོང་བྱས་ཚུལ། ནད་ཐོག་སྨན་བཅོས་ཚན་ཁག་འཛུགས་སྐྲུན། ཆེད་ཚན་གཙོ་བོ་འཛུགས་སྐྲུན། མི་རིགས་སྨན་སྒྲུབ་དོ་དམ། མི་རིགས་སྨན་པའི་བདག་སྐྱོང་། མི་རིགས་སྨན་རྫས་ཀྱི་རིག་གནས་འཛུགས་སྐྲུན་བྱས་ཚུལ། ཕྱོགས་བསྡུས་བྱས་ཚུལ་སོགས་རྣམ་གྲངས་བརྒྱད་ལ་ཉིན་གཉིས་རིང་དཔྱད་བསྡུར་བྱས་ཏེ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་གྱི་སྒོ་ཐེམ་བརྒལ་ཐུབ་པ་བྱུང་བས། རྒྱལ་ཡོངས་སུ་དཔྱད་བསྡུར་དང་ཞིབ་བཤེར་རྩིས་ལེན་གྱི་སྒོ་ཐེམ་བརྒལ་བའི་པེ་ཅིང་གི་རྒྱལ་ཁབ་མི་རིགས་སྨན་ཁང་གཙོ་བོ་ཉག་གཅིག་ཏུ་གྱུར་པ་རེད།
པེ་ཅིང་བོད་སྨན་ཁང་གི་འགོ་གཙོ་ཧོང་ཧྥུ་ཁའེ་ཡིས་ངོ་སྤྱོད་བྱས་དོན། ཐེངས་འདིར་པེ་ཅིང་གི་བོད་སྨན་ཁང་ནས་“རྒྱལ་ཁབ་ཀྱི་མི་རིགས་སྨན་ཁང་གཙོ་བོ་འཛུགས་སྐྲུན་རྣམ་གྲངས་ལ་དཔྱད་བསྡུར་དང་ཞིབ་བཤེར་རྩིས་ལེན་”བྱས་པའི་བྱ་བ་ནི་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གཅིག་པའི་འཕེལ་རྒྱས་འཆར་འགོད་ཀྱི་རྣམ་གྲངས་གལ་ཆེན་ནང་གི་གཅིག་ཡིན།
2007ལོའི་ཟླ2པའི་ཚེས1ཉིན་ནས་བཟུང་། པེ་ཅིང་བོད་སྨན་ཁང་གིས་རྒྱལ་ཁབ་ཀྱི་མི་རིགས་སྨན་ཁང་གཙོ་བོ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ཀྱི་བླང་བྱ་ལྟར། ཆེད་ཚན་འཛུགས་སྐྲུན་དང་། འཇོན་མི་སྐྱེད་སྲིང་། འཇོན་མི་ནང་འདྲེན་བཅས་ལ་ཤུགས་སྣོན་དང་། བོད་སྨན་གྱི་དགེ་མཚན་ཁྱད་པར་བ་འདོན་སྤེལ་བྱེད་པ་གཙིགས་སུ་འཛིན་པ། མི་རིགས་སྨན་བཅོས་ཀྱི་བདག་སྐྱོང་དང་། མི་རིགས་སྨན་རྫས་རིག་གནས་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ཕན་འབྲས་མངོན་གསལ་བླངས་ཡོད་ཅེས་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com