གྲངས་ཉུང་མི་རིགས་ས་ཁུལ་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི2011 ལོའི་ལོ་ཚོགས་ནང་སོག་ཏུ་འཚོགས་པ།

རྩོམ་པ་པོ།:ཆོས་འཛིན། ཡོང་ཁུངས།:ཁམས་པའི་དྲ་བ། དུས་ཚོད།:2011-08-16 08:26:00 ཀློག་གྲངས།:

            “མཉམ་འབྲེལ་དང་ཉམས་མྱོང་བརྗེ་རེས་བྱས་ཏེ་ཚང་མར་ཕན་ཐོགས་པ་བྱ་རྒྱུའི”བརྗོད་བྱ་གཙོ་བོར་དམིགས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི2011ལོའི་ལོ་ཚོགས་དེ་ཟླ8པར་ནང་སོག་གི་ཐུང་ལིའོ་གྲོང་ཁྱེར་དུ་འཚོགས་པ་རེད། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་ཚགས་པར་ཁང་ནས་ཡོང་བའི་ཧྲེ་ཀྲང་དང་སྤྱི་ཁྱབ་རྩོམ་སྒྲིག་པ། ཆེད་ལས་མཁས་པ་བཅས60ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་པ་རེད།
            ལོ་ཚོགས་ཐོག་ཚོགས་བཞུགས་འཐུས་མི་ཚོས་གནས་བབ་གསར་པའི་འོག་གྲངས་ཉུང་མི་རིགས་ས་ཁུལ་ཚགས་པར་ལས་རིགས་ཀྱིས་གང་འདྲ་བྱས་ནས་འཕེལ་རྒྱས་གཏོང་རྒྱུ་དང་ཅི་འདྲ་བྱས་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ནུས་དང་མཚམས་སྦྱོར་བྱེད་ཤུགས་སྔར་ལྷག་གིས་ཆེ་རུ་གཏོང་བ། གསར་འགྱུར་མཚམས་སྦྱོར་གྱི་འཚོ་གནས་ཁོར་ཡུག་ལ་ཉིན་རེ་བཞིན་འགྲན་རྩོད་ཛ་དྲག་ཆེ་བའི་གནས་ཚུལ་ལ་དམིགས་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཚགས་པར་ལས་རིགས་ཀྱིས་གང་འདྲ་བྱས་ནས་ཚོང་རའི་ནང་འགྲན་རྩོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་སྐོར་ལ་ཞིབ་འཇུག་དང་གྲོས་བསྡུར་ནན་ཏན་བྱས་མཐར། “མཉམ་འབྲེལ་དང་ཉམས་མྱོང་བརྗེ་རེས། ཚང་མར་ཕན་ཐོགས་པ་བཅས་བྱས་ཐོག་མི་རིགས་ཚགས་པར་གྱི་མཚམས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་ས་ཁུལ་གྱི་ཚགས་པར་ལས་རིགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི”གཅིག་མཐུན་ལྟ་བ་ཆགས་པ་རེད།
            ལོ་ཚོགས་ཐོག་ད་དུང་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ཚགས་པར་ལས་རིགས་ཀྱི་ཆེད་རྩོམ་ལ་དཔྱད་བསྡུར་བྱས་ཏེ་ཁམས་པའི་ཚགས་པར་ཁང་གི་ཆེད་རྩོམ་གསུམ་འདེམས་ཐོབ་བྱུང་ལ། མཇུག་ཏུ་ཀོང་ཏུང་དང་ཀོང་ཞི། ཀུའེ་ཀྲོའུ། སི་ཁྲོན། ཧུའུ་ནན། ཞིན་ཅང་། ཅི་ལིན། ནང་སོག་སོགས་ཞིང་ཆེན་དང་ལྗོངས་ཀྱི་མོང་དང་གྲོང་ཁྱེར། ཁུལ་བཅས་ཚགས་པར་ཁང40ལྷག་གི་ཧྲེ་ཀྲང་དང་སྤྱི་ཁྱབ་རྩོམ་སྒྲིག་པ། ཆེད་ལས་མཁས་པ་བཅས་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཚགས་པར་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུའི་སྐོར་གྱི་ཇུས་ཆེན་མཉམ་དུ་གྲོས་སྡུར་བྱས་ཏེ་རྒྱ་ཁྱབ་ཏུ་ངོས་འཛིན་གཅིག་མཐུན་ཆགས་ཐོག   འདྲ་མཉམ་དང་རང་མོས་ཀྱི་རྩ་དོན་ལྟར། མི་རིགས་ཚགས་པར་ལས་རིགས་ཀྱི་མཚམས་སྦྱོར་གསར་པའི་མནའ་འབྲེལ་བཙུགས་ཏེ་མི་རིགས་ཚགས་པར་ལས་རིགས་ཀྱིས་ནུས་མཐུ་སྒོས་མཉམ་འབྲེལ་བྱེད་པར་འབྲེལ་ལམ་གསར་པ་བསྐྲུན་པ་རེད།
            ཚོགས་འདུ་གྲོལ་རྗེས། ཚོགས་བཞུགས་མི་སྣ་ཚོས་ནང་སོག་ཤར་ཕྱོགས་ཧོར་གླིང་གོ་ལེ་གྲོང་ཁྱེར་གྱི་བཟོ་ལས་ས་ཁུལ་དང་མཐོངས་ཡངས་རྡོ་སོལ་གཏེར་ཁ། བྱིས་པར་སྔར་སློབ་ལྟེ་གནས། ཞིང་ལས་དྲོད་ཁང་ར་བ་སོགས་ལ་ལྟ་སྐོར་དང་བཅར་འདྲི་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།