མཚོ་སྔོན་གྱི་ཚྭ་མཚོ་དང་བསྐྱར་ཐོན་ནུས་ཁུངས་ཕྱོགས་བསྡུས་གསར་སྤེལ་སྐོར་གྱི་གླེང་སྟེགས་ཟི་ལིང་ནས་བསྡུས།
ཟླ8ཚེས16ཉིན། མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་དང་བསྐྱར་ཐོན་ནུས་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་ཅེས་པའི་ལག་རྩལ་ཚན་རིག་གླེང་སྟེགས་ཟི་ལིང་ནས་བསྡུས་པ་རེད།
དེ་ནི་ས་གནས་ཀྱི་དགོས་མཁོ་བརྗོད་བྱ་གཙོ་བོར་བཟུང་སྟེ་ཐེངས་དང་པོར་བསྡུས་པའི་ལག་རྩལ་ཚན་རིག་གི་གླེང་སྟེགས་ཤིག་ཡིན་ཞིང་། གླེང་སྟེགས་དེ་ཀྲུང་གོ་ཚན་རིག་གླིང་ལག་རྩལ་ཚན་རིག་པུའུ་དང་། འཕྲིན་གསར་ལག་རྩལ་ཚན་རིག་པུའུ། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་བཅས་ཀྱིས་མཉམ་དུ་བསྒྲུབས་པ་ཞིག་ཡིན།
མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་དང་ཀྲུང་གོ་ཚན་རིག་གླིང་ལག་རྩལ་ཚན་རིག་པུའུ་ཡི་ཀྲུའུ་རིན་དབྱང་ཝེ་གཉིས་ཀྱིས་གླེང་སྟེགས་སྟེང་སོ་སོར་ཞུ་ཚིག་ཕུལ་ལ། རྒྱལ་ནང་གི་འབྲེལ་ཡོད་ཕྱོགས་ཀྱི་ཡོན་ཧྲི་དང་ཆེད་མཁས་པ10ལྷག་གིས་ཆེད་དོན་སྙན་ཞུ་ཕུལ་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com