དར་མདོ་སྐྱིད་པའི་གྲོང་ཞེས་ཚོ་ཡུལ་སྐོར་ལྗོངས་རྒྱུ་རྣམ་གྲངས་བསྐྲུན་འགོ་ཚུགས་པའི་མཛད་སྒོ་སྤེལ།

རྩོམ་པ་པོ།:སྒྲོལ་མ་ཚེ་མཚོ། ཡོང་ཁུངས།:ཁམས་པའི་གསར་འགྱུར་དྲ་བ། དུས་ཚོད།:2011-08-18 09:24:00 ཀློག་གྲངས།:

            ཉེ་ཆར།  སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་སྐྱིད་པའི་གྲོང་ཚོ་ཡུལ་སྐོར་ལྗོངས་རྒྱུ་རྣམ་གྲངས་བསྐྲུན་འགོ་ཚུགས་པའི་མཛད་སྒོ་དེ་དར་མདོ་གྲོང་ཁུལ་དུ་སྤེལ་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པདང་། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལི་ཁྲང་ཕིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨ་རྒྱས་ཕུན་ཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཀོང་། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ཞིའུ་པིན་དང་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་ཁྲེང་ཏུའུ་ཡན་ལག་དངུལ་ཁང་གི་ཧོང་ཀྲང་ཝང་ཡོན་ཡོན། ཁྲེང་ཏུའུ་འགྲེམས་སྟོན་ལྗོངས་རྒྱུ་ཚོགས་པའི་འགོ་འཛིན་པ་ཏེང་ཧུང་སོགས་ཁུལ་དང་རྫོང་གི་འགོ་ཁྲིད་དང་སྐུ་མགྲོན་རྣམས་མཛད་སྒོར་ཞུགས་ནས་རྣམ་གྲངས་ལ་རྨང་གཞི་འདེང་པའི་མཛད་སྒོ་སྤེལ་བ་རེད།
            “དར་མདོ་གྲོང་སྐྱིད་པའི་གྲོང་ཚོ”ཞེས་པའི་རྣམ་གྲངས་དེ་དར་མདོ་གྲོང་ཁུལ་གྱི་མཛའ་གཞས་རིག་གནས་ལྡུམ་རར་གནས་ཤིང། བོད་ཁུལ་གྱི་ཚ་ཆུ་གྲོང་ཆུང་གིས་གནས་ཐང་བྱས་པའི་ལྗོངས་རྒྱུ་དང་། ཆང་ཁང་། ཚ་ཆུ། ཚོགས་ཁང་། ཟ་ཁང་། རོལ་རྩེད། ཚོང་དོན་བཅས་གཅིག་ཏུ་འབྲེལ་བའི་ལྗོངས་རྒྱུ་ཆེ་གྲས་ཀྱི་ཞབས་འདེགས་དང་ཚོང་དོན་སྒྲིག་ཆས་ཡིན་པ་རེད།  སྔོན་རྩིས་བྱས་པ་ལྟར་ན་རྣམ་གྲངས་དེར་མ་དངུལ་གཏོང་ཚད་བསྡོམས་འབོར་སྒོར་དུང་ཕྱུར9ལས་བརྒལ་བ་དང། བཟོ་བཀོད་ཀྱི་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི15.3ཡོད་ཅིང་། སྔོན་རྩིས་བྱས་ན2013ལོར་འཛུགས་སྐྲུན་ལེགའ་འགྲུབ་བྱུང་སྟེ་ཚོང་གཉེར་བྱེད་འགོ་ཚུགས་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།