བོད་ལྗོངས་ནག་ཆུའི་བྱང་ཐང་གི་འཆར་ཅན་རྟ་རྒྱུག་སྒྱུ་རྩལ་ཡུལ་སྐོར་དུས་ཆེན་བདེ་བླག་ངང་མཇུག་རྫོགས་པ།
སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་དུ་བྱ་དགའ་ཐོབ་མཁན་གྱི་རྒྱུག་རྟ་དང་བདག་པོ་རྣམས་ཀྱིས་རྟ་རྒྱུག་ཐང་སྐོར་བ་བྱས་ཏེ་སྐྱོད་པ་དང་། ཐེངས་འདིའི་ནག་ཆུའི་བྱང་ཐང་འཆར་ཅན་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ཡང་མཇུག་རྫོགས་པ་རེད། ཐེངས་འདིའི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གྱིས་ཡུལ་སྐོར་ཁྱབ་བསྒྲགས་དང་དཔལ་འབྱོར་ཡོང་འབབ་ཇེ་མཐོར་གཏོང་བ་སོགས་མངོན་འགྱུར་བྱུང་ཡོད་པ་དང་། རྟག་རྒྱུག་འགྲན་བསྡུར་གྱི་དུས་རིམ་དུ་སྤྱིའི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི9698དང་། རྒྱལ་ནང་གི་ཡུལ་སྐོར་བ་མི་ཁྲི9.8ལྷག་སྣེ་ལེན་བྱས་ཡོད་པ་རེད།
ཐེངས་འདིའི་རྟ་རྒྱུག་སྒྱུ་རྩལ་ཡུལ་སྐོར་དུས་ཆེན་གྱི་སྐབས་སུ། རྟ་རྩལ་འགྲན་བསྡུར་དང་རྡོ་འདེགས་རྩལ། ཐག་འཐེན་བཅས་བསྡོམས་པས་ལུས་རྩལ་འགྲན་བསྡུར་རྣམ་གྲངས8སྤེལ་བ་དང་། རིག་རྩལ་འཁྲབ་སྟོན་དང་། ཡུལ་སྐོར་སྣང་བརྙན་འཐུས་ཚབ་པ་འདེམས་སྒྲུག་འགྲན་བསྡུར། དམངས་ཁྲོད་གླུ་དབྱངས་འགྲན་བསྡུར་སྐབས་ལྔ་བ་བཅས་བསྡོམས་པས་བྱ་འགུལ16སྤེལ་ཡོད་པ་རེད། དུས་ཆེན་དུ་ཞུགས་པའི་འཁྲབ་སྟོན་པ་མི2000ལྷག་ཡོད་པ་དང་། འགྲན་ཞུགས་རྒྱུག་རྟ800ལྷག་བཅས་ལོན་འདུག བསྡོམས་པས་འཛིན་ཡིག5.5བཙོངས་འཚག་པ་དང་། འཛིན་ཡིག་གི་ཡོང་འབབ་སྒོར་ཁྲི80ལྷག་རེག་ཡོད་པ་རེད།
དབྱར་རྩྭ་དགུན་འབུའི་འགུག་ནུས་དུས་ཆེན་སྐབས་བཞི་བ་དང་། ཕྱུགས་ལས་ཐོན་རྫས་དང་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་འགྲེམ་འཚོང་ཚོགས་འདུ་བཅས་ལའང་གྲུབ་འབྲས་ཆེན་པོ་ཐོབ། ནག་ཆུ་གྲོང་རྡལ་གྱི་དབྱར་རྩྭ་དགུན་འབུ་ཕྱིར་འཚོང་ཚད་སྒོར་ཁྲི9118ལོན་པ་དང་། ཕྱུགས་ལས་ཐོན་རྫས་དང་ཡུལ་ཐོན་དངོས་རྫས། མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་བཅས་བསྡོམས་པས་སྒོར་ཁྲི300ལྷག་འཚོང་ཡོད་པ་མ་ཟད། རྟ་རྒྱུག་ཐང་གི་ཚོང་ལས་རིགས་གཞན་དག་སོ་སོ་བསྡོམས་པས་སྒོར་ཁྲི200ལྷག་ཟིན་ཡོད་པ་རེད།
ཡུལ་སྐོར་ཁྱབ་བསྒྲགས་ཐད་ལ་ཐོད་བརྒལ་གསར་བ་མངོན་འགྱུར་བྱུང་ལ། ཡུལ་སྐོར་སྣང་བརྙན་འཐུས་ཚབ་པ་འདེམས་སྒྲུག་འགྲན་བསྡུར་ཐོག་མ་དང་། བྱེས་བགྲོད་རླངས་འཁོར་བརྒྱ་ཁུ་ཁུ་ཤིས་རི་རུ་རྒྱང་སྐྱོད་བྱེད་པ། ཇོ་མོ་བླ་རིའི་སྤྱི་ཕན་ལེ་བར་བརྒྱར་སྐྱོད་པའི་བྱ་འགུལ་བཅས་སྤེལ་རིམ་བདེ་ལེགས་ཡིན་པ་མ་ཟད། ཁུལ་ཕྱི་ཕྱོགས་ནས་ཕེབས་པའི་ཡུལ་སྐོར་བ200ལྷག་བྱང་ཐང་རྩྭ་ཐང་དུ་ཕེབས་ཡོད་པ་རེད།
རྟ་རྒྱུག་འགྲན་བསྡུར་གྱི་སྐབས་སུ། ཚོང་བ་འདུས་ཤིང་ཚོང་ལས་རྒྱས་པ་མ་ཟད། ཕྱོགས་སོ་སོའི་ཡུལ་སྐོར་བ་རྒྱུན་མི་ཆད་པ་རེད། ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བསྡོམས་པས་ཁྲི9.8ལྷག་སྣེ་ལེན་བྱས་ཡོད་པ་དང་། དེ་དག་སོ་སོ་ཡང་ཨ་རི་དང་འཇར་མན། ཨོ་སི་ཁྲུ་ལི་ཡ། ཁོ་རེ་ཡ། འཇལ་པན་བཅས་ཀྱི་ཡུལ་སྐོར་བ་དང་ཀང་ཨོ་སྤུན་ཟླའང་འདུས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com