ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མས་ཡུལ་དངོས་སུ་གེ་སར་རིག་གནས་སྒྱུ་རྩལ་ལ་རྟོག་ཞིབ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-24 09:49:00 ཀློག་གྲངས།:


བཞུགས་མོལ་ཚོགས་འདུའི་ཡུལ་དངོས། 

            ནུབ་བྱང་མི་རིགས་སློབ་ཆེན་སློབ་མའི་མཐུན་ཚོགས་ཀྱི་འབྲེལ་ཡོད་ཡིག་ཆ་ལྟར།   སློབ་གྲྭའི་གེ་སར་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་བརྒྱད་ཀྱིས་དབྱར་ཁའི་གུང་གསེང་བེད་སྤྱད་དེ་གེ་སར་ཞིབ་འཇུག་གླིང་གི་འགོ་གཙོའམ་དགེ་རྒན་ཆེན་མོ་རྒྱན་མཚན་ཚེ་རིང་གི་འགོ་ཁྲིད་འོག    མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དུ་གེ་སར་སྒྱུ་རྩལ་པ་དང་གེ་སར་རིག་གནས་ཤུལ་བཞག་གི་ཐད་ལ་དུས་ཡུན་ཉིན་བཅུ་གཉིས་ཀྱི་རྟོག་ཞིབ་བྱས་པ་རེད། 


གེ་སར་སྒྱུ་རྩལ་པར་བཅར་འདྲི་བྱེད་བཞིན་པ།

            མགོ་ལོག་ཁུལ་ནི་གེ་སར་རིག་གནས་ཀྱི་འབྱུང་ཁུངས་ཡིན་པའི་ཆ་ནས་དེ་གར་ཕུན་སུམ་ཚོགས་པའི་གེ་སར་རིག་གནས་ཐོན་ཁུངས་མཆིས་ཤིང་།  ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་གྱིས་གནས་འདི་ལ་ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ཁྱིམ་ཞེས་མིང་བཏགས་གསོལ་བ་དང་། 2010ལོའི་ཟླ12ཚེས2ཉིན།  ཐོག་དང་པོའི"གེ་སར་སྒྱུ་རྩལ་པའི་ཁྱིམ་གཞིས"ཞེས་པ་དངོས་སུ་བཙུགས་པ་རེད། 


ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་རྟོག་ཞིབ་ཚན་ཆུང་། 

            ཐེངས་འདིའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་རྟོག་ཞིབ་བྱ་འགུལ་ནི་རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་མགོ་ལོག་ཁུལ་གེ་སར་སྒྱུ་རྩལ་པའི་ཁྱིམ་གཞིས་ཀྱི་བཀོད་སྒྲིག་ལེགས་པོའི་འོག     ཡུལ་དངོས་སུ་གཟིགས་ཞིབ་དང་།  བཅར་འདྲི།  སྒྲ་དང་བརྙན་ཕབ་པ་སོགས་བྱས་ཤིང་།   “རྒྱལ་ཡོངས་གེ་སར་གྲངས་མཛོད་མགོ་ལོག་དབྱེ་མཛོད”འཛུགས་པར་རྨང་གཞི་བཏིངས་པ་རེད།  ཁོ་ཚོ་མགོ་ལོག་ཁུལ་གྱི་རྫོང་དྲུག་ལ་སོང་སྟེ་གེ་སར་སྒྱུ་རྩལ་པ39ལ་ཆེད་དོན་བཅར་འདྲི་བྱས་པ་དང་།  དེ་ལས་སྒྱུ་རྩལ་པ་གསར་བ9བྱུང་ཡོད་ཅིང་།  རྟོག་ཞིབ་བྱེད་པའི་དུས་ཡུན་ཁྲོད་ཁོ་ཚོས་དཀའ་བ་གང་མང་ཁྱད་དུ་བསད་དེ་རྒྱུ་ཆ་འཚོལ་བསྡུ་དང་ལེགས་སྒྲིག་སོགས་ཀྱི་བྱ་བ་གང་ལེགས་བསྒྲུབས་པས་མགོ་ལོག་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་གནང་བ་ཡིན་ལ།  མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགྱུར་སྡེ་ཁག་དང་མགོ་ལོག་བརྙན་འཕྲིན་ཁང་སོགས་སྨྱན་བྱད་ལས་རིགས་ཀྱིས་ཀྱང་ཐེངས་འདིའི་གེ་སར་རིག་གནས་སྒྱུ་རྩལ་ཡུལ་དངོས་རྟོག་ཞིབ་ཀྱི་གོ་རིམ་ཆ་ཚང་སྙན་སྒྲོག་བྱས་ཤིང་།   དེར་མང་ཚོགས་ཀྱི་དགའ་བསུ་དང་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་ཆེན་པོ་གནང་བ་རེད།


ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་རྟོག་ཞིབ་ཚན་ཆུང་དང་མགོ་ལོག་གེ་སར་སྒྱུ་རྩལ་པ་རྣམས་ལྷན་དུ་པར་བསྐྱོན་པ།
 

            ཐེངས་འདིའི་གེ་སར་རིག་གནས་སྒྱུ་རྩལ་ཡུལ་དངོས་རྟོག་ཞིབ་བྱས་པ་བརྒྱུད།  ཞིབ་འཇུག་སློབ་མ་འདི་དག་གིས་རྗེས་ཕྱོགས་ཀྱི་རྟོག་ཞིབ་བྱ་བར་ཉམས་མྱོང་གི་རྨང་གཞི་བཏིངས་བ་དང་རང་ཉིད་ལ་སྐྱེ་སྟོབས་ཤིག་སྩལ་བ་མ་ཟད།  མགོ་ལོག་ས་ཁུལ་གྱི་གེ་སར་རིག་གནས་འཛུགས་སྐྲུན་ཐད་ལའང་རང་ཉིད་ཀྱི་བྱས་རྗེས་བཞག་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།