པཎ་ཆེན་ཤངས་སྡེ་དགོན་པ་ཐོག་དང་པོའི་རྒྱལ་གཅེས་ཆོས་གཅེས་སློབ་གསོའི་རྟེན་གཞིར་བདམས་ཐོན་བྱུང་བ།
ཉེ་ཆར། གཏེར་ལམ་རྫོང་པཎ་ཆེན་ཤངས་སྡེ་དགོན་པ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁྲོད་ཀྱི་ཐོག་དང་པོའི་རྒྱལ་གཅེས་ཆོས་གཅེས་སློབ་གསོའི་རྟེན་གཞིར་བདམས་ཤིང༌། རྒྱལ་ཁབ་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཁྲོད་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཐོག་མ་ཞེས་པའི་དཔང་ཡིག་གནང༌། པཎ་ཆེན་ཤངས་སྡེ་དགོན་པའི་རྒྱལ་གཅེས་རིང་ལུགས་ཀྱི་ལག་རྗེས་རྒྱལ་ཁབ་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི《གཅིག་སེམས་གཅིག་མཐུན》ཞེས་པའི་དཔེ་དེབ་ཏུ་བཀོད་པ་འདིས་པཎ་ཆེན་ཤངས་སྡེ་དགོན་པ་དྲིལ་སྒྲོག་དང༌། གཏེར་ལམ་རྫོང་གི་མཚན་སྙན་གྲགས་ཇེ་ཆེར་གཏོང་བ། སློབ་གསོ་མི་སྣ་དང་དད་ལྡན་མང་ཚོགས། རྒྱ་ཆེའི་ན་ཆུང་གཞོན་ནུ་རྣམས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་པ་རེད།
པཎ་ཆེན་ཤངས་སྡེ་དགོན་པར་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེ་བའི་སྲོལ་རྒྱུན་གྱི་དུས་ཡུན་རིང་བའི་ལོ་རྒྱུས་ཡོད་ལ། འཇའ་འགོག་དམག་འཁྲུག་ལངས་རྗེས། སྐབས་དེར་ཤངས་སྡེ་དགོན་དུ་བཞུགས་པའི་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་དང་ས་གནས་མི་རིགས་ཀྱི་མདུན་ལམ་ལ་དོ་ཁུར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་འཇའ་འགོག་ལས་དོན་ལ་རོགས་སྐྱོར་བྱེད་ཆེད། རང་ཉིད་ཀྱི་འགྲོ་གྲོན་དངུལ་ལོར་ལས་མ་དངུལ་སྒོར་སུམ་ཁྲི་ཡིས་འཇའ་འགོག་ལས་དོན་ཐད་ལ་ཞལ་འདེབས་ཕུལ་བ་མ་ཟད། ད་དུང་ཡང་སྒོར་ཁྲི་གཉིས་བླངས་ཏེ་གཞུང་བུན་ཉོ་རྒྱུ་ཁས་ལེན་བྱས། ཁོང་གིས་རང་དཔེ་གཞན་སྟོན་གྱིས་དགོན་པའི་བླ་གྲྭ་ཡོངས་ཀྱིས་ཟས་ཐུན་གཅིག་ཉུང་བཟའ་བྱེད་པ་དང༌། གྱོན་པ་སྣ་གཅིག་ཉུང་གོན་བྱེད་པ། མི་རེ་རེའི་ཞལ་འདེབས་འབུལ་པ་དང༌། མི་རེ་རེར་འཇའ་འགོག་གི་སྟོབས་ཤུགས་འབུལ་པའི་བྱ་འགུལ་སྤེལ་བས། ཀྲུང་ཧྭ་མི་རིགས་ཀྱི་འཇའ་འགོག་དམག་འཁྲུག་ལས་དོན་དང༌། སྐབས་དེའི་མཚོ་སྔོན་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་འཇའ་འགོག་དམག་འཁྲུག་ལ་ནུས་བ་གལ་ཆེན་ཐོན།
བཅིངས་གྲོལ་དུས་སྐབས་སུ། ཀུན་གཟིགས་པཎ་ཆེན་མཆོག་གིས་གུང་ཁྲན་ཏང་གིས་བྱེད་ཕྱོགས་ལས་དཀའ་སྡུག་མྱང་བའི་ཀྲུང་ཧྭ་མི་རིགས་བཅིངས་གྲོལ་གཏོང་བར་ཡིད་ཆེས་བཅིངས་ཤིང༌། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཉིན་མོར། ཤངས་སྡེ་པཎ་ཆེན་གཟིམ་ཤག་ཏུ་མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་ཟི་ལིང་ཀྲུའུ་ཏེ་ལ་བཀྲ་ཤིས་གློག་འཕྲིན་བཏང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པར་རྟེན་འབྲེལ་ཞུས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་རྒྱུའི་བསམ་པ་བསྟན།
ཉེ་བའི་ལོ་འགའི་ཚུན་ལ། པཎ་ཆེན་ཤངས་སྡེ་དགོན་པ་སྙིང་རྗེའི་ལས་གཞིའི་རྣམ་གྲངས་གང་མང་ལ་ཧུར་ཐག་གིས་ཞུགས་པ་སྟེ། 5.12སི་ཁྲོན་བུན་ཁྲོན་ས་འགུལ་དང༌། 4.14ཡུལ་ཤུལ་ས་འགུལ་བྱུང་རྗེས། དགོན་པས་རང་འགུལ་སྒོས་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་དངོས་རྫས་བསྐྱེལ། 2008ལོ་ནས་བཟུང༌། གཏེར་ལམ་རྫོང་དུ་ཆར་ཆུའི་འབབ་ཚད་མཐོ་བས་ས་གནས་སོ་སོར་ཆུ་ལོག་གིས་གནོད་སྐྱོན་བཟོ་བཞིན་ཡོད། པཎ་ཆེན་ཤངས་སྡེ་དགོན་པས་ཐེངས་གང་མང་ལ་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་དངོས་རྫས་གྱ་ནོམ་པ་སྦྱིན་པས། དགོན་པའི་བྱམས་བརྩེའི་འགུལ་སྐྱོད་ལ་རྒྱ་ཆེའི་མང་ཚོགས་ཀྱིས་བསྟོད་བསྔགས་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com