རོང་བྲག་རྫོང་ནས་ཡོན་རྒྱལ་རབས་སྐབས་ཀྱི་ནང་བའི་མཆོད་ཁང་གསར་རྙེད་བྱུང་བ།
དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་དཔྱད་ཞིབ་གནང་བཞིན་པ།
ཉེ་དུས་སུ་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་གིས་གདན་ཞུས་ལྟར།རང་རྒྱལ་གྱི་དགུང་ལོ་བདུན་བཅུ་དོན་གཉིས་ལ་སོན་པའི་སངས་རྒྱས་ཆོས་ལུགས་ཀྱི་གནའ་རྫས་ཞིབ་དཔྱོད་མཁས་པ་གྲགས་ཅན་དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་ལགས་དཀར་མཛེས་ཁུལ་དུ་གནའ་རྫས་རྟོག་ཞིབ་གནང་བར་ཐེངས་གསུམ་པར་ཕེབས་པ་རེད།
བྲག་རོང་གི་ཡོན་རྒྱལ་རབས་སྐབས་ཀྱི་བཟོ་བཀོད།
ཟླ8པའི་ཚེས21ཉིན། དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་རོང་བྲག་རྫོང་སྤྲོ་སྣང་ཤང་ཧན་ཨེའུ་གྲོང་ཚོ་ནས་ཡོན་རྒྱལ་རབས་སྐབས་སུ་བཞེངས་པའི་ནང་པའི་མཆོད་ཁང་ཞིག་གསར་དུ་རྙེད་པ་རེད། མཆོད་ཁང་དེའི་ཕྱིའི་རྣམ་པ་གྲུ་བཞི་ནར་གཟུགས་ཡིན་པ་དང་ཐོག་རིམ་གཉིས་ཡོད་ཅིང་། ཐོག་རིམ་དང་བོ་རྡོ་ཡིས་བརྩིགས་ནས་གྲུབ་ཡོད་པ་དང་། ཞབས་དངོས་གྲུ་བཞི་ནར་གཟུགས་ཡིན་ཞིང་། མཐའི་རིང་ཚད་ལ་སྤྱི་ཁྲེ7ཙམ་ཡོད་པ་དང་།མཐོ་ཚད་ལ་སྤྱི་ཁྲེ10ཡོད་ལ། འོག་ཆེ་ཞིང་རྩེ་ཅུང་ཆུང་བ་ཡིན་པ་དེ་སྲོལ་རྒྱུན་གྱི་མཁར་རྫོང་བཞེངས་ཐབས་བཀོལ་ནས་བསྐྲུན་པ་ཞིག་རེད། འོན་ཀྱང་ཁང་བ་དེའི་བྱང་ངོས་སུ་སྒོ་ཆེན་པོ་ཞིག་འདུག ཐོག་རིམ་གཉིས་པ་ཡོད་ཚད་ཤིང་གིས་བཟོས་པ་ཡིན་ལ། ཕྱོགས་བཞིར་ཤིང་གི་ཀ་བ་ཡིན་པ་དང་། ཕྱོགས་རེར་ཀ་བ་ལྔ་རེ་ཡོད། དེའི་མཐའ་འཁོར་ནི་དད་ལྡན་མང་ཚོགས་ཀྱི་སྐོར་བ་བྱེད་ས་ཁྱམས་ར་ཡིན་ཞིང་། ཁང་བའི་ནང་ལྷ་ཁང་ཡིན་པ་དང་། ཕྱོགས་བཞི་ཡི་གྱང་ངོས་སུ་ལྡེབས་རིས་བྲིས་འདུག ཞིག་རལ་དུ་སོང་བའི་ལྡེབས་རིས་ལ་བལྟས་ན་ཡོན་རྒྱལ་གྱི་ཉམས་འགྱུར་ལྡན་པའི་ལྡེབས་རིས་ལྟ་བུ་སྣང་། དེ་ནི་ཕལ་ཆེར་རྙིང་མ་བའི་ལྷ་ཁང་ཡིན་པ་དང་། ཉར་ཚགས་ལེགས་པོ་བྱེད་ཐུབ་མི་འདུག ཕྱོགས་བཞི་ཡི་ཀ་བར་འབྲུག་བརྐོས་འདུག་ཅིང་། འབྲུག་མགོ་ཕྱི་རུ་ཕྱོགས་ཤིང་གསོན་ཉམས་དོད་པོ་ལྡན།
ཞིག་རལ་དུ་སོང་བའི་གནའ་བོའི་བཟོ་བཀོད་མདུན་ཕྱོགས་སུ་ཡོད་པ་དེ་ནི་སྤྲོ་སྣང་ཤང་གི་བོད་པའི་གྲོང་ཚོ་རེད།
དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་གསུངས་པར། མཆོད་ཁང་འདིའི་ཆེས་ཐུན་མིན་གྱི་ཆ་ནི་ཐོག་རིམ་དང་བོ་དང་གཉིས་པའི་བར་གྱི་ཤིང་ལས་བཟོས་པའི་ཀ་གཞུ་དེ་རེད། ཀ་གཞུ་བཟོ་རྩལ་ཐད་རྒྱ་ལུགས་ཀ་གཞུ་བཟོ་རྩལ་དང་ལེན་བྱས་པ་མ་ཟད། བོད་ལུགས་ཀྱི་གསར་གཏོད་ཁྱད་ཆོས་ཀྱང་ཁ་སྣོན་བྱས་ཡོད་པ་རེད། ཀ་གཞུའི་འོག་གི་རི་མོ་སྤྲིན་ཕུང་གིས་བརྒྱན་མེད་པར། ཆོས་སྐྱོང་སྲུང་མའི་རྣམ་པ་ངོ་མཚར་ཅན་ཞིག་བཀོད་ཡོད་ཅིང་། མིག་གཉིས་ཅེར་ཞིང་གསོན་ཉམས་ལྡན། གདུང་ཤིང་གི་ཞབས་སུ་རྡོ་རྗེ་བརྐོས་འདུག་པ་དང་། ཁང་ཟུར་གྱི་ཀ་གཞུ་ཕན་ཚུན་སྣོལ་བའི་རྣམ་པར་གྲུབ། གདུང་ཤིང་གི་སྨད་དུ་དཔྱིད་འགོའི་མེ་ཏོག་གཉིས་ཀྱིས་བརྒྱན་འདུག་ལ། བར་ཁྱམས་སུ་རྒྱ་ལུགས་ཀྱི་རྣམ་པ་ལྟར་བཟོས་འདུག ཡིད་ཕངས་པ་ཞིག་ལ་མཆོད་ཁང་གི་རྒྱ་ཕིབས་ཞིག་རལ་དུ་སོང་བ་རེད།
ཤིང་ལས་གྲུབ་པའི་ཐོག་རིམ་གཉིས་པའི་ཁྱམས་ར།
དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་གསུངས་པར། རྡོ་མཁར་དང་ཤིང་ལས་གྲུབ་པའི་བཟོ་བཀོད་ཟུང་དུ་སྦྲེལ་བའི་མཆོད་ཁང་འདིའི་རིགས་བོད་ཁུལ་དུའང་ཧ་ཅང་མཐོང་དཀོན་པོ་ཡིན་པས། འདི་ནི་ཀྲུང་གོའི་གནའ་བོའི་ཨར་ལས་ལོ་རྒྱུས་སྟེང་གི་གསར་རྙེད་ཆེན་པོ་ཞིག་རེད། མཆོད་ཁང་འདི་བཞེངས་སྟངས་རྒྱལ་རོང་གི་རྡོ་མཁར་གྱི་སྲོལ་རྒྱུན་བཞེངས་སྟངས་རྒྱུད་འཛིན་བྱས་ཡོད་ལ། རྒྱ་ལུགས་ཀྱི་ཤིང་ལས་གྲུབ་པའི་ཨར་ལས་རྒྱག་སྟངས་དང་ལེན་བྱས་ནས་བསྒྱུར་བཀོད་ཀྱང་བྱས་ཡོད་པས། ཁྱད་ཆོས་ཧ་ཅང་ཐུན་མིན་ལྡན་པས། དེ་ཡང་སུང་རྒྱལ་རབས་ཀྱི་ལི་ཅེ་ཡི་《ཁང་པ་རྒྱག་ཐབས་》ཀྱི་འཕེལ་རྒྱས་ཤིག་རེད།
གནའ་བོའི་བཟོ་བཀོད་ཀྱི་ཐོག་རིམ་གཉིས་པའི་ངོ་མཚར་ཆེ་བའི་བརྐོས་རིས།
དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་གསུངས་པར། རང་རྒྱལ་གྱི་ཨར་ལས་ལོ་རྒྱུས་ཐོག་གི་མཁས་པ་ཆེན་པོ་དཔེར་ན། སྐུ་ཞབས་ལིའང་སི་ཁྲེང་དང་ལི་ཏུན་ཀྲེན་གྱིས་《ཀྲུང་གོའི་གནའ་རབས་ཨར་ལས་ལོ་རྒྱུས》བརྩམས་པའི་སྐབས་སུ་ཨར་ལས་དཔེ་གཞི་འདི་ལྟ་བུ་མ་རྙེད་པས། ཡོན་རྒྱལ་རབས་སྐབས་ཀྱི་བོད་ཁུལ་གྱི་ནང་བའི་མཆོད་ཁང་བཞེངས་སྟངས་སྐོར་སྟོང་ཆར་ལུས་པ་རེད། ད་ཐེངས་རོང་བྲག་ཧན་ཨེའུ་གྲོང་ཚོ་ནས་ཡོན་རྒྱལ་རབས་སྐབས་ཀྱི་ནང་བའི་མཆོད་ཁང་སྟེ་གནའ་བོའི་བཟོ་བཀོད་གསར་རྙེད་བྱུང་བ་ཡིས་སྟོང་ཆ་དེ་བསྐངས་པས་དོན་སྙིང་ཧ་ཆང་གལ་ཆེན་པོ་ལྡན།
འབྲུག་བརྐོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com