འཛམ་གླིང་གི་ལོ་རྒྱུས་སྙན་ངག་གྲགས་ཅན་མཚོན་བྱེད་ཀྱི་འཇིམ་བརྙན་མཚོ་སྔོན་པོའི་སྙན་ངག་ཐང་ཆེན་དུ་བཞེངས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-25 16:45:00 ཀློག་གྲངས།:


ལི་ཨི།                                                        དབྱི་ལི་ཡ་ཐུ།

གེ་སར་རྒྱལ་པོ།                                                        ཅིས་ཨར་ཀ་མེ་ཧྲི།

སུང་ཏེ་ཡ་ཐ།                                                        མ་ན་སི།

ཁ་ལི་ཝ་ལ།                                                        ཞང་མིན།

མ་ཏིན་ཧྥེ་ཡེ་ལའོ།                                                        མིའོ་རིགས་གོ་གུ།

ཇིང་གར།                                                        རཱ་མ་ཎ།

  ཉེ་ལམ་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་སྙན་ངག་ཐང་ཆེན་གྱི་རྒྱ་བསྐྱེད་འཛུགས་སྐྲུན་ལས་གཞི་སྟེ། མཚོ་སྔོན་པོའི་སྙན་ངག་གྱང་ར་ཇེ་རིང་དུ་གཏོང་བ་དང་། ཐང་ཆེན་འཛུགས་སྐྲུན། འཛམ་གླིང་གི་ལོ་རྒྱུས་སྙན་ངག་གྲགས་ཅན་བཅུ་གཉིས་ཀྱི་འཇིམ་བརྙན་བཞེངས་པ་བཅས་ཀྱི་བཟོ་སྐྲུན་གསུམ་ལེགས་འགྲུབ་བྱུང་བ་རེད།
  མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་ནི་ཀྲུང་གོའི་སྙན་ངག་རིག་གཞུང་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་རིག་གནས་ཀྱི་མཚོན་རྟགས་ཤིག་ཡིན་ཞིང་། སྤྱི་ལོ2007ལོར་བསྐྲུན་པ་ནས་བཟུང་ལོ་གཉིས་ནང་ཐེངས་གཅིག་ལ་སྒྲུབ་ཀྱིན་ཡོད་ལ། ད་བར་དུ་ཐེངས་གཉིས་ལ་བསྒྲུབས་པ་རེད། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་འདིས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་རང་བྱུང་གི་མཛེས་ལྗོངས་ལ་རིག་རྩལ་གྱི་གྲུབ་ཆ་ཁྱད་དུ་འཕགས་པ་ཞིག་གསར་སྣོན་བྱས་པའི་ཁར། སྙན་ངག་པ་རྣམས་ཀྱིས་དེ་ལ་བཅངས་པའི་སྤྲོ་སེམས་དང་བཅས་པས་དུས་ཆེན་འདིའི་མཚན་སྙན་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཁྱབ།
  མཚོ་སྔོན་པོའི་མཛེས་ལྗོངས་དོ་དམ་ཅུའུ་ཡིས2011ལོའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྒྲུབ་པའི་ཆེད་དུ་སྙན་ངག་ཐང་ཆེན་གྱི་སྔར་ཡོད་རྨང་གཞིའི་ཐོག་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་ཁ་སྣོན་བྱས་པ་རེད། སྙན་ངག་ཐང་ཆེན་དུ་བོད་རིགས་ཀྱི《གེ་སར་རྒྱལ་པོའི་སྒྲུང》དང་། སོག་པོའི《ཇིང་གར》 གནའ་བོའི་པ་པི་ལོན་གྱི《ཅིས་ཨར་ཀ་མེ་ཧྲིན》 གནའ་བོའི་རྒྱ་གར་གྱི་ལོ་རྒྱུས་སྙན་ངག《རཱ་མ་ཎའི་རྟོགས་བརྗོད》སོགས་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་གྲགས་ཅན་མཚོན་བྱེད་ཀྱི་འཇིམ་བརྙན12བཞེངས་སྐྲུན་བྱས་ཤིང་། སོ་སོའི་རྟེན་གཞིའི་སྟེང་དུ་ལོ་རྒྱུས་སྙན་ངག་དེའི་མིང་དང་བརྩམས་ཆོས་ཁྲོད་ཀྱི་ཁྱད་དུ་འཕགས་པའི་མཚམས་པ་རེ་བདམས་ནས་བཀོད་ཡོད། ལོ་རྒྱུས་སྙན་ངག་གི་འཇིམ་བརྙན་དེ་དག་མཚོ་སྔོན་པོ་སྙན་ངག་ཐང་ཆེན་དུ་ཀྲོང་ངེར་བཞུགས་འདུག་ལ། དེར་བརྒྱུད་ནས་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་དང་དེང་སྐབས་ཀྱི་འཛམ་གླིང་སྙན་ངག་གླེང་སྟེགས་ཀྱི་དོན་ཆེན་དག་རྒྱ་ཆེ་བའི་གནས་སྐོར་བ་རྣམས་ལ་འགྲེམ་སྟོན་བྱས་པས། སྙན་ངག་རིག་གནས་ཀྱི་མཚོན་རྟགས་ལེགས་སྐྲུན་དང་སྙན་ངག་གི་དགོངས་དོན་བརྒྱུད་སྒྲོག་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།