རྡོ་མཁར་གནའ་རྫོང་གི་མི་རིགས་རིག་གནས་ཀྱི་སྙན་གྲགས་ཇེ་ཆེར་འགྲོ་བཞིན་ཡོད་པ།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོ། ། ཡོང་ཁུངས།:སེམས་ཀྱི་ཉི་ཟླའི་དྲ་བ དུས་ཚོད།:2011-08-26 11:50:00 ཀློག་གྲངས།:

            རྡོ་མཁར་གནའ་རྫོང་གི་དཔུང་རྒྱན་ཆེད་ཚོང་ཁང་དུ་ཚོང་ལས་བ་ཧྥུན་ཡུན་གྱིས་དཔུང་རྒྱན་འཐག་བཞིན་ཡོད།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་མིང་རྟགས་ཡར་ངོས་ཟླ་ལྟར་མཐོར་འདེགས་བྱུང་བཞིན་པ་བསྟུན།  ཚོང་བ་མང་ཆེ་ཤོས་ཤིག་གིས་རྡོ་མཁར་གནའ་རྫོང་གི་མི་རིགས་རིག་གནས་ལོ་རྒྱུས་དང་མི་རིགས་རིག་གནས་ལ་ཡིད་འཇོག་བྱེད་ཀྱིན་ཡོད་པ་དང་།  སོ་སོ་རྡོ་མཁར་གནའ་རྫོང་དུ་ཡོང་ནས་ལས་ཀ་གསར་སྐྲུན་བྱེད་བཞིན་ཡོད།  
            རྡོ་མཁར་གནའ་རྫོང་གི་སྲང་ལམ་གཡས་གཡོན་གྱི་ཚོང་ཁང་སོ་སོ་རུ་གནས་སྐོར་ཁྱད་ལྡན་ཐོན་རྫས་ཀྱིས་ཁེངས་ཡོད་པ་དང་།  གནས་འདིར་ཡོང་ནས་ལག་ཤེས་འཐག་པའི་སྐེ་དཀྲིས་དང་དཔུང་རྒྱན་ཉོ་སྒྲུབ་བྱེད་པ་ནི་གནས་སྐོར་བ་རྣམས་ལ་མཚོན་ན་ཆེས་སྤྲོ་སྣང་ལྡན་པའི་བྱ་བ་ཤིག་ཏུ་གྱུར་ཡོད།  མཚམས་སྦྱོར་བྱས་པ་ལྟར་ན། དཔུང་རྒྱན་ཆེད་ཚོང་ཁང་ཧྥུན་ཡུན་གྱིས་ཉིན་རེར་ཕྱོགས་གཅིག་ནས་ཚོང་རྒྱག་པར་བྲེལ་བ་དང་།  ཕྱོགས་གཅིག་ནས་དཔུང་རྒྱན་དང་སྐེ་དཀྲིས་འཐག་ཏེ་ཕྱིར་འཚོང་བྱེད་བཞིན་ཡོད།  མིག་སྔར་ཁོ་མོས་འཐག་པའི་སྐེ་དཀྲིས་ལ་རིགས10ལྷག་ཡོད་པ་དང་།  སྐེ་དཀྲིས་རེར་སྒོར80ཡན་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།