ཀྲུང་གོའི་གློག་བརྙན་འཕེལ་རྒྱས་མཚོ་སྔོན་གླེང་སྟེགས་ཞེས་པ་དེ་མི་འགྱངས་བར་ཟི་ལིང་ནས་བསྡུ་འཆར་ཡོད་པ།
ཀྲུང་གོ་གློག་བརྙན་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། པེ་ཅིན་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོ་གློག་བརྙན་པའི་མཐུན་ཚོགས་གློག་བརྙན་མཐོ་གསར་ཚན་རྩལ་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་གློག་བརྙན་ལོ་རིམ་མེ་ལོང་དུས་དེབ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། པེ་ཅིན་བརྙན་འཕྲིན་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་སྒྲུབ་འགན་ཁུར་བའི་སྐབས་གཉིས་པའི་ཀྲུང་གོའི་གློག་བརྙན་འཕེལ་རྒྱས་མཚོ་སྔོན་གླེང་སྟེགས་ཞེས་པ་དེ་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་ཟི་ལིང་ནས་བསྡུ་རྒྱུ་རེད།
ཤེས་གསལ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་མཚོ་སྔོན་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ས་བབ་དང་རིག་གནས་ཐོན་ཁུངས་ལ་བརྟེན་ནས། ཀྲུང་གོའི་གློག་བརྙན་འཕེལ་རྒྱས་སུ་གཏོང་བར་སྔར་ལས་ཞིབ་འཇུག་བྱེད་པ་དང་། གློག་བརྙན་ལས་མི་དམངས་ཀྱི་འཚོ་བ་དངོས་མཚོན་པར་བྱེད་རྒྱུ་དེ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com