བོད་སྨན་གྱི་སྤུས་ཚད་ཇེ་མཐོར་གཏོང་བའི་བྱ་བའི་དུས་འབྲིང་གི་སྙན་ཞུ་ཚོགས་འདུ་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ།:བཀྲ་ཤིས་འབུམ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-08-28 12:05:00 ཀློག་གྲངས།:
              རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་རྟོག་དོ་དམ་ཅུའུ་ཡིས་གཙོ་བསྒྲུབས་བྱས་པ་དང་རྒྱལ་ཁབ་སྨན་མཛོད་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་རྟོག་དོ་དམ་ཅུའུ་གཉིས་ཀྱིས་སྒྲུབ་འགན་འཁུར་བའི་བོད་སྨན་གྱི་སྤུས་ཚད་ཇེ་མཐོར་གཏོང་བའི་བྱ་བའི་དུས་འབྲིང་གི་སྙན་ཞུ་ཚོགས་འདུ་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞི་ཉིན་བར་ཟི་ལིང་ནས་ཚོགས། རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་རྟོག་དོ་དམ་ཅུའུ་ཡི་སྨན་རྫས་མིང་འགོད་ཀུང་ཟི་དང་རྒྱལ་ཁབ་སྨན་མཛོད་ཨུ་ཡོན་ལྷན་ཁང་། མཚོ་སྔོན། བོད་ལྗོངས། ཀན་སུའུ། དེ་མིན་བོད་སྨན་གྱི་སྤུས་ཚད་ཇེ་མཐོར་གཏོང་བའི་བྱ་བའི་ལས་འགན་འཁུར་བའི་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅུ་ཡི་སྨན་རྫས་ཞིབ་བཤེར་ཚད་ལེན་ཁང་གི་འཐུས་མི་སྙན་ཞུ་ཚོགས་འདུར་ཞུགས།
              ཚོགས་ཐོག་ནས་ད་ལྟའི་བོད་སྨན་གྱི་ཚད་གཞི་ཇེ་མཐོར་གཏོང་བའི་བྱ་བ་སྤྱི་སྡོམ་བྱས་པ་དང་བོད་སྨན་གྱི་སྤུས་ཚད་ཇེ་མཐོར་གཏོང་བའི་བྱ་བའི་ཁྲོད་དུ་གནས་པའི་གནད་དོན་ལ་གྲོས་བསྡུར་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།