མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བས་རྟ་རྒྱུགས་འགྲན་བསྡུར་བྱ་འགུལ་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-29 10:57:00 ཀློག་གྲངས།:


1987ལོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་མཚོ་ཆུང་ནོར་བུ་ཐང་དུ་ཕེབས་པའི་བཞུགས་ཁྲི། 


1987ལོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་མཚོ་ཆུང་ནོར་བུ་ཐང་དུ་ཕེབས་པར་གྲ་སྒྲིག་བྱས་པའི་བསང་ཁྲི། 


མཛད་སྒོ་སྟེང་འགོ་ཁྲིད་རྣམས་ཀྱིས་གཏམ་བཤད་གནང་བ། 


མཛེས་ཤིང་ལྟ་ན་སྡུག་པའི་མཚོ་ཆུང་ནོར་བུ་ཐང་།


མིང་དུ་གྲགས་པའི་རྡུང་ལེན་པ་དཔལ་མགོན། 

            ཟླ8ཚེས27ཉིན།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་སྐབས་དང་པོའི་རྟ་རྒྱུགས་དུས་ཆེན་དེ་མཚོ་ཆུང་ནོར་བུ་ཐང་དུ་བསྡུས་ཤིང་།  རྟ་རྒྱུགས་དུས་ཆེན་འགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱིས་ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་པའི་ལྟད་མོ་བ་ཡོངས་ཀྱི་ཡིད་སེམས་གསོས་ཏེ་སྤྲོ་བ་རབ་ཏུ་འཁོལ་བྱུང་། 


དམངས་ཁྲོད་གཞས་གཏོང་བཞིན་པ། 


ཕ་མར་འབུལ་བའི་གཞས་གཏོང་བཞིན་པ། 


སྨོན་ལམ་གྱིས་དྲུག་འགྱུར་དབྱངས་ལ་འགུག་བཞིན་པ། 


ཁོ་བསྟན་གྱིས་རྡུང་ལེན་དཀྲོལ་བཞིན་པ།

            འགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་སྟེང་།   མིང་དུ་གྲགས་པའི་རྡུང་ལེན་པ་དཔལ་མགོན་དང་།   སྨོན་ལམ།  པདྨ་དབང་འགྲུབ།  ཁོ་བསྟན་སོགས་རྒྱ་ཆེ་བའི་བོད་རིགས་མང་ཚོགས་ཀྱིས་དགའ་ཞེན་འཁོལ་བའི་རྡུང་ལེན་པ་གང་མང་མཆིས་ཤིང་།   འདིས་རྟ་རྒྱུགས་དུས་ཆེན་ལ་མི་རིགས་ཀྱི་ཁྱད་ཆོས་གསར་བ་ཞིག་བསྣན་པ་མ་ཟད།  སྐབས་རྗེས་མའི་རྟ་རྒྱུགས་དུས་ཆེན་ཇེ་རྒྱས་ཇེ་ལེགས་སུ་སྤེལ་པར་རྨང་གཞི་ཡག་པོ་ཞིག་བཏིངས་ཡོད་པར་ངེས། 


དབྱངས་ཅན་ལྷ་མོས《ཕ་ཡུལ》ཞེས་པའི་གླུ་དབྱངས་ལེན་པ། 


རྩྭ་ཐང་གི་བརྩེ་བ་དབྱངས་ལ་འགུག་པ། 


རྟ་རྒྱུགས་མ་བྱས་སྔོན་གྱི་གྲ་སྒྲིག་གི་རྣམ་པ། 


ཁོད་ཡངས་བའི་རྩྭ་ཐང་དུ་ཕྱོགས་བཞི་ནས་སླེབས་པའི་ལྟད་མོ་བས་ཡོངས་སུ་བཀླུབས་བྱུང་།

            རྒྱུས་ལོན་བྱས་པ་ལྟར་ན།   ཐེངས་འདིའི་རྟ་རྒྱུགས་འགྲན་དུས་ཆེན་ནི་ཚེས28ནས་ཚེས29ཡིན་ཞིང་།   འགྲན་བསྡུར་ཨང་དང་པོ་ལ་དགའ་རྟགས་སྒོར་ཁྲི5ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།