རྒྱལ་ཕྱིའི་མཚམས་སྦྱོར་ཚན་པ་བོད་ལྗོངས་ཀྱི་མྱོང་ཚོར་ཞེས་པའི་བྱེད་སྒོའི་སྟེང་གདན་འདྲེན་ཞུས་པ།
ཀྲུང་གོའི་བོད་ཀྱི་རིག་གནས་ལ་བལྟ་བ་ཞེས་པར་ཞུགས་པའི་རྒྱ་གར་དང་བལ་པོའི་གསར་འགོད་པ་དང་།
མཚམས་སྦྱོར་ཚན་པའི་འགན་ཁུར་བ།
ཟླ8པའི་ཚེས28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་དང་། ལྷ་སའི་ཞོ་སྟོན་དུས་ཆེན་སྒྲིག་འཛུགས་ཨུ་ལྷན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་བོད་ལྗོངས་ཀྱི་མྱོང་ཚོར་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར60ལོན་པའི་འགྱུར་ལྡོག་ཅེས་པའི་བྱེད་སྒོའི་སྟེང་དུ། རྒྱ་གར་དང་བལ་པོ་ནས་གདན་དྲངས་པའི་གསར་འགོད་པ5དང་། རྒྱལ་ཕྱིའི་རྒྱ་ཡིག་མཚམས་སྦྱོར་ཚན་པའི་འགན་ཁུར་བ5བཅས་བོད་ལྗོངས་སུ་ལྟ་སྐོར་དང་བཅར་འདྲིར་ཡོང་བ་རེད། ཁོང་ཚོ་ལྷ་སའི་ཞོ་སྟོན་དུས་ཆེན་སྐབས་ཀྱི་བྱེད་སྒོ་གཙོ་བོ་ཁག་ལ་ཞུགས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ལ་ལྟ་སྐོར་བྱེད་རྒྱུ་མ་ཟད། རོང་འབྲོག་མི་སེར་གྱི་གྲལ་དུ་ཕྱིན་ནས་འབྲེལ་འདྲིས་ཀྱང་བྱེད་རྒྱུ་རེད།
ཤེས་གསལ་ལྟར་ན། 2009ལོ་ནས་བཟུང་བོད་ལྗོངས་ཀྱིས་ཐོག་དང་པོར་བོད་ལྗོངས་ཀྱི་མྱོང་ཚོར་ཞེས་པའི་བྱེད་སྒོ་གཉེར་ཞིང་། གདན་ཞུ་ཁྱབ་ཁོངས་དང་བྱེད་སྒོའི་ནང་དོན་རྒྱུན་མ་ཆད་པར་རྒྱ་ཇེ་ཆེར་ཕྱིན། 2009ལོར་མཐའ་འཁོར་གྱི་རྒྱལ་ཁབ་གཙོ་བྱས་ཏེ་རྒྱ་གར་དང་། བལ་པོ་བཅས་ཀྱི་མཚམས་སྦྱོར་ཚན་པ6གི་གསར་འགོད་པ7བོད་ལྗོངས་སུ་ཕྱིན་ནས་བཅར་འདྲི་བྱས། 2010ལོར་རྒྱ་གར་དང་བལ་བོའི་མཚམས་སྦྱོར་ཚན་པ11གི་གསར་འགོད་པ14གདན་ཞུས་པ་མ་ཟད། ཨ་མེ་རི་ཁ་དང་། དབྱིན་ཇི། ཞིན་ཞི་ལན་བཅས་རྒྱལ་ཁབ་གསུམ་གྱི་རྒྱ་ཡིག་གི་མཚམས་སྦྱོར་ཚན་པའི་གསར་འགོད་པ3། ཁ་ན་ཏར་བཅའ་སྡོད་བྱས་པའི་ཀྲུང་གོའི་བརྙན་ལེན་མཁན་གཅིག་བཅས་བོད་ལྗོངས་སུ་ཕྱིན་ནས་བོད་ལྗོངས་ཀྱི་མྱོང་ཚོར་ཞེས་པའི་བྱེད་སྒོར་ཞུགས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com