“2011ལོའི་བོད་ལྗོངས་ཇོ་མོ་གླིང་མ་པར་འགྲེམ”བྱ་འགུལ་འགོ་བརྩམས་པ།
“2011ལོའི་བོད་ལྗོངས་ཇོ་མོ་གླིང་མ་པར་འགྲེམ”བྱ་འགུལ་འགོ་རྩོམ་པའི་ཡུལ་དངོས།
ཟླ8ཚེས28ཉིན་གྱི་སྔ་དྲོ། “2011ལོའི་བོད་ལྗོངས་ཇོ་མོ་གླིང་མའི་པར་འགྲེམ”འགོ་རྩོམ་པའི་བྱ་འགུལ་ལྷ་ས་ནས་སྤེལ་ཞིང་། ཀྲུང་གོའི་བོད་ལྗོངས་ཇོ་མོ་གླིང་མ་པར་འགྲེམ་འགྲན་བསྡུར་དེ་ད་ལྟའི་བར་སྐབས་གསུམ་ལ་སྤེལ་པ་ཡིན་ལ། ད་ལོའི་སྐབས་འདི་ནི་གཞི་ཁྱོན་དང་ཚད་རིམ་ཐད་ནས་ཆེས་མཐོ་བའི་སྐབས་ཤིག་ཡིན་པར་བརྗོད་ཅིང་། ཐེངས་འདིའི་འགྲན་བསྡུར་ནི་པར་ཆས་བརྒྱུད་དེ་བོད་ལྗོངས་ཀྱི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་བཀྲམ་པ་རེད།
གཟིགས་མོ་བ་ཞིག་གིས་དགའ་རྟགས་བླངས་བའི་པར་རིས་བརྩམས་ཆོས་ཞིག་ལ་ལྟ་བཞིན་པ།
བྱ་འགུལ་གཙོ་འགན་སྒྲུབ་མཁན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ནི་ཟླ་བ་གཉིས་ལྷག་གི་བརྩམས་ཆོས་བསྡུ་བ་བརྒྱུད་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས32ནས་པར་ལེན་པ་དང་པར་ལེན་དགའ་མཁན་མི500ལྷག་གིས་སྐུར་བའི་བརྩམས་ཆོས་ཁྲི་ཡས་མས་དངོས་སུ་འབྱོར་བ་ཡིན་ལ། རྩ་འཛུགས་ཨུ་ཡོན་དང་དཔྱད་འདེམ་ཨུ་ཡོན་རྣམས་ཀྱིས་ལེགས་འདེམས་བྱས་རྗེས། བརྩམས་ཆོས260ལྷག་ཐེངས་འདིའི་པར་འགྲེམ་སྟེང་བཀྲམ་པ་རེད།
《བོད་ཁུལ་དུས་འོད001》པར་འགྲེམ།
ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཏང་རྩ་འཛུགས་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ་ཀྲའོ་ཧྲི་ཡིས་མཛད་སྒོ་སྟེང་བཤད་རྒྱུར། བརྩམས་ཆོས་འདི་དག་བརྗོད་བྱ་འབུར་དུ་ཐོན་པ་དང་ནང་དོན་ཕུན་སུམ་ཚོགས་པ། པར་རིས་ཞིབ་ཅིང་ཚགས་དམ་པ། དངོས་གནས་ཡིད་དབང་འགུག་པ་ཞིག་རེད་ཟེར།
པར་འགྲེམ་མཛད་སྒོ་ཡུལ་དངོས་སུ་མིག་ལོང་བྱིས་པར་ཞལ་འདེབས་ཕུལ་པ།
སྐབས་འདིའི་པར་འགྲེམ་ནི་སྐབས་སྔོན་མའི་སྲོལ་རྒྱུན་རྒྱུན་འཁྱོངས་སྒོས། "པར་རྙིང་ཕྱིར་དྲན"བྱེད་པ་དང་། “གཞི་རིམ་ཏང་ཏྲིའི་པུ་རྩ་འཛུགས་པར་འགྲེམ”། “གློག་ནུས་མཁའ་ལམ”སྟེ་མཚོ་བོད་ལྕགས་ལམ་འགྲམ་རྒྱུད་ཀྱི་ལས་གཞི་འཛུགས་སྐྲུན་གྲུབ་འབྲས་པར་འགྲེམ་སོགས་རྣམ་པ་མི་འདྲ་བ་དག་པར་རིས་བརྩམས་ཆོས་ཀྱི་ཐད་ནས་མངོན་པ་རེད།
མཐོ་སྒང་དུ་བཞད་པའི་དགའ་སྐྱིད་ཀྱི་མེ་ཏོག
པར་འགྲེམ་འདི་དག་གི་ཁྲོད་དུ། སྔོན་ཆད“ཀྲུང་གོའི་ཡིད་འགུག་ཐེབས་པའི་མི་སྣ་བཅུ”ནང་གི་གཅིག་བླངས་མྱོང་བའི་འཇར་མན་མིག་ལོང་དང་བླང་པ་སཱ་པུ་ལི་ཡཱ་དང་མོས་བོད་ལྗོངས་སུ་བཙུགས་པའི་མིག་ལོང་སློབ་གྲྭ་གཙོ་བྱས་པའི་པར་འགྲེམ་གྱིས་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ཀྱི་ཡིད་སེམས་དབང་མེད་དུ་བཀུག་ཅིང་། པར་རིས་བརྩམས་ཆོས400ལྷག་འདུས་པའི་ཡི་གེ་དང་པར་རིས་སྦྲགས་མའི་དཔེ་ཆ《བོད་ལྗོངས་མིག་ལོང་བྱིས་པའི་འོད་སྣང》འགྲེམ་འཚོང་བྱས་པའི་ཡོང་འབབ་སྒོར་ཁྲི30ཡང་པར་འགྲེམ་དུས་སྐབས་སུ་མིག་ལོང་སློབ་གྲྭར་ཕུལ་པ་རེད།
བརྩེ་དུང་བརྗོད་པ།
ཟླ8པ་ནི་བོད་ལྗོངས་སུ་ཡུལ་སྐོར་བ་མང་བོའི་དུས་སྐབས་ཡིན་ལ། “2011ལོའི་ལྷ་སའི་ཞོ་སྟོན”དུས་སྐབས་ཀྱང་ཡིན། དུས་ཡུན་ཉིན7གྱི་པར་འགྲེམ་འདི་ཉིན་གང་བོའི་ཆུ་ཚོད24ལ་བཀྲམ་ཞིང་། བྱ་འགུལ་གཙོ་སྒྲུབ་པས་སྔོན་དཔག་བྱས་པ་ལྟར་ན་ཉིན་རེར་རྒྱལ་ཁབ་ཕྱི་ནང་ནས་སླེབས་པའི་ཡུལ་སྐོར་བ་དང་ས་གནས་མང་ཚོགས་ཁྲི3ལྷག་པར་འགྲེམ་ལ་གཟིགས་མོར་སླེབས་ཀྱི་འདུག་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com