ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ2011ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་ཚོགས་པ།
ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ2011ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གཟབ་རྒྱས་ངང་ཚོགས་པ།
འགོ་རྩོམ་མཛད་སྒོའི་ཡུལ་དངོས།
ཟླ8ཚེས29ཉིན་གྱི་དགོང་མོ། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ2011ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གཟབ་རྒྱས་ངང་ཚོགས་པ་རེད། རྒྱུས་ལོན་བྱས་པ་ལྟར་ན། འདི་ནི་ཐོག་དང་པོ་དགོང་མོར་འགོ་རྩོམ་མཛད་སྒོ་བསྡུས་པའི་ཞོ་སྟོན་དུས་ཆེན་ཞིག་ཡིན་པ་མ་ཟད། ད་ལོའི་ཞོ་སྟོན་དུས་ཆེན་ལ་ཞུགས་པའི་མི་གྲངས་ཁྲི་ལས་བརྒལ་ཞིང་ལོ་རྒྱུས་སྟེང་མི་ཚོགས་ཆེས་མང་བའི་ལོ་ཞིག་ཡིན། གྲོང་ཁྱེར་གླེང་སྟེགས་ལ་ཞུགས་པའི་གྲོང་ཁྱེར་གྱི་འགོ་གཙོ20ལྷག་དང་ལྷ་ས་གྲོང་ཁྱེར་ཁུངས་གཏོགས་ཀྱི་ལས་ཁུངས་དང་། རྫོང་དང་ས་ཁུལ་གྱི་ལས་བྱེད་མི་སྣ་དང་སྡོད་དམངས་མང་ཚོགས་རྣམས་ཐེངས་འདིའི་དགོང་ཚོགས་ལ་ཞུགས་པ་རེད།
སྒྱུ་རྩལ་པ་ཐུབ་བསྟན་གྱིས་གེ་སར་སྒྲུང་བཤད་པ།
གེ་སར་སྒྲུང་བཤད་པའི་འཁྲབ་སྟོན།
གླུ་བ་འཕགས་པ་སྐྱབས་ཀྱིས་ཞོ་སྟོན་རྟེན་འབྲེལ་གྱི་གླུ་གཞས་ཕུལ་པ།
མཛད་སྒོའི་དགོང་ཚོགས་ཁག་གསུམ་དུ་དབྱེ་ཡོད་དེ། སྔོན་འགྲོའི་དབྱངས《བཀྲ་ཤིས་བའི་ཞོ་སྟོན》དང་། ཞོ་སྟོན་དུས་ཆེན་ལ་ངེས་པར་དུ་ལྟ་འོས་པའི་བོད་ཀྱི་ཟློས་གར། བྲོ་གར་བཅས་ཡིན་ཏེ། འདིས་དགོང་ཚོགས་ལ་དགའ་སྤྲོའི་རྣམ་པ་གསར་བར་སྐྱེལ་གྱི་ཡོད། 《ལྷ་སར་རེ་སྙེག་བྱེད་པ》དང་། 《དགའ་སྐྱིད་ཀྱི་ལྷ་ས》། 《ལྷ་སར་སྨོན་འདུན་ཞུ》བཅས་པར་ངོས་གསུམ་གྱི་ལེ་ཚན15ལྷག་མི་རིགས་ཀྱི་ཞབས་བྲོ་དང་གླུ་གཞས་ཀྱི་ཐབས་ལམ་བརྒྱུད་དེ་དགོང་ཚོགས་ཀྱི་རྣམ་པ་ཡང་རྩེ་རུ་སོན་པར་གྱུར་ཞིང་། དགོང་ཚོགས་མཇུག་སྒྲིལ་རྗེས། དཔལ་འབར་འཁྲབ་སྟོན་གྱིས་མི་རྣམས་ཀྱི་གོམ་ཁ་ཕྱིར་གསོས་ཏེ་ཚང་མས་ལག་འཁྱེར་ཁ་པར་དང་པར་ཆས་སོགས་ལས་མཛེས་སྡུག་གི་སྣང་བརྙན་འདི་ཕབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com