མཚོ་ལྷོ་ཁུལ་གྱི་བོད་སྨན་ཁང་ཁུངས་གཏོགས་ཀྱིས་བདེ་སྐྱིད་ཐང་དུ་མདའ་འཕེན་འགྲན་བསྡུར་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-30 15:16:00 ཀློག་གྲངས།:


མདའ་འཕེན་སྔོན་གྱི་རྣམ་པ། 


འབེན་ས། 

            བོད་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་རིག་གནས་རྒྱུན་འཛིན་དར་སྤེལ་དང་།  བོད་སྨན་ཁང་ཁུངས་གཏོགས་བར་གྱི་མཛའ་འབྲེལ་ཇེ་དམ་དུ་གཏོང་ཆེད།  ཟླ8ཚེས27ནས་ཚེས28བར་མཚོ་ལྷོ་ཁུལ་བོད་སྨན་ཁང་མདའ་འཕེན་རུ་ཁག་དང་། མང་རྫོང་དང་འབའ་རྫོང་གཉིས་མཉམ་འབྲེལ་བྱས་པའི་མདའ་འཕེན་རུ་ཁག་གིས་བདེ་སྐྱིད་ཐང་དུ་མདའ་རྩལ་འགྲན་བསྡུར་བྱས།  འགྲན་བསྡུར་བ་རྣམས་ཀྱིས་བོད་ལྭ་རྒྱན་ཆས་སྤྲས་ནས་རྩེད་རར་སླེབས་ཤིང་།    དེ་གར་རང་ཉིད་ཀྱི་མདའ་རྩལ་ཡོངས་སུ་མངོན་ཏེ་ཆེས་དགའ་སྤྲོས་ལྟེམས་པའི་གཟའ་མཇུག་ཞིག་རོལ་བ་རེད།


མདའ་འཕེན་པའི་ཚུལ། 


མཚོ་ལྷོ་ཁུལ་བོད་སྨན་ཁང་གི་མདའ་འཕེན་རུ་ཁག 

            མདའ་འཕེན་མཇུག་རྫོགས་རྗེས།  འགྲན་ཞུགས་པ་རྣམས་ཀྱིས་ཐེངས་འདིའི་བྱ་འགུལ་ལ་དོན་སྙིང་ཆེན་པོ་ལྡན་པ་དང་།  འདི་ནི་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་ཚུལ་ཞིག་ཡིན་པ་མ་ཟད།  ལུས་ཕུང་སྦྱོང་བརྡར་དང་གྲོགས་སྒྲིག་མཛའ་འབྲེལ་བྱེད་པའི་ཐབས་ལམ་བཟང་བོ་ཞིག་ཡིན་ཚུལ་བསྟན།


མང་རྫོང་བོད་སྨན་ཁང་གི་འགོ་གཙོས་མདའ་འཕེན་བཞིན་པ། 


མཚོ་ལྷོ་ཁུལ་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་ཡཱང་ལགས་ཀྱིས་མདའ་འཕེན་པ། 

            མདའ་འཕེན་དང་རྟ་རྒྱུགས་འགྲན་བསྡུར།  སྐོར་བྲོ་འཁྲབ་པ་སོགས་བྱ་འགུལ་གྱིས་ལས་སྒྲུབ་མི་སྣ་རྣམས་ཀྱི་གུང་སེང་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བྱེད་ཅིང་།  ཕྱི་རོལ་ཁོར་ཡུག་ཏུ་ལུས་སེམས་ཡོངས་སུ་བག་ལྷོད་དུ་གནས་པར་བྱེད་ཐུབ་ཀྱི་ཡོད་ལ།  འདི་ལྟ་བུའི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ས་གནས་ཁག་ཏུ་སྤེལ་རྒྱུ་ནི་དགོས་ངེས་ཤིག་ཡིན་ཏེ།  མཱ་ཅང་དང་ཤོག་ཤོ་རྒྱག་པ་སོགས་བཀག་འགོག་བྱེད་པར་ནུས་བ་ཆེན་པོ་ཐོན་གྱི་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།