རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་སྐྱེད་སྲུང་སྐྱོབ་ཚོད་ལྟ་ཁུལ་དུ་ཚུད་པའི་ལས་གཞི་གསུམ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-31 10:30:00 ཀློག་གྲངས།:


བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭས་ཐོན་སྐྱེད་བྱས་པའི་བོད་སྨན་མུ་ཏིག་བདུན་ཅུ། 

            མུ་མཐུད་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་ཡར་སྐུལ་དང་།   དེ་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཏེ།  《རིག་གནས་པུའུ་གཞུང་སྒྲུབ་ཐིན་གྱི་འབྲེལ་ཡོད་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བརྡ་སྦྱོར》ཞེས་པའི་དགོངས་དོན་ལྟར།  ས་གནས་ཀྱིས་མཚམས་སྦྱོར་བྱས་པའི་རྨང་གཞི་སྟེང་ཆེད་ལས་དཔྱད་འདེམ་པ་རྩ་འཛུགས་དང་། ཡུལ་དངོས་གཟིགས་ཞིབ་དང་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱི་དཔྱད་འདེམས་སོགས་གོ་རིམ་བརྒྱུད་དེ།  སྐབས་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཤག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་ཚོད་ལྟ་ས་ཁུལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། 


རེབ་གོང་སྒྱུ་རྩལ་གླིང་།
 

            ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་མིང་ཐོ་ནི་རྒྱལ་ཁབ་རིམ་པའི་ལས་གཞི35ཡོད་ཅིང་།   བོད་རང་སྐྱོང་ལྗོངས་རྒྱལ་རྩེའི་ས་གདན་བཟོ་གྲྭ་དང་།  བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་བཟོ་གྲྭ།   མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་གླིང་སོགས་བོད་ཀྱི་ལས་གཞི་གསུམ་འདིའི་གྲས་སུ་ཚུད་པ་རེད།   དེ་ལས་བོད་རང་སྐྱོང་ལྗོངས་རྒྱལ་རྩེ་ས་གདན་བཟོ་གྲྭས་ཡར་ཞུ་བྱས་པ་ནི་སྲོལ་རྒྱུན་ལག་རྩལ་ཏེ་བོད་ཀྱི་ཁ་གདན་འཐག་པའི་བཟོ་རྩལ་དང་།  བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་སྲོལ་རྒྱུན་བོད་ཀྱི་གསོ་རིག་སྨན་རྫས(བོད་སྨན་མུ་ཏིག་བདུན་ཅུ་སྨན་རྫས་སྡེབ་སྦྱོར་ལག་རྩལ)།  རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་གླིང་གི་སྲོལ་རྒྱུན་མཛེས་རྩལ་ཏེ་རེབ་གོང་སྒྱུ་རྩལ་བཅས་ཡིན།


བོད་རང་སྐྱོང་ལྗོངས་རྒྱལ་རྩེ་ས་གདན་བཟོ་གྲྭས་བཏགས་པའི་བོད་ཀྱི་ཁ་གདན། 

            ཆེད་མཁས་པས་མཚམས་སྦྱོར་བྱས་པ་ལྟར་ན།   གཟུགས་འདས་ཤུལ་བཞག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་ནི་ཐོན་སྐྱེད་དང་འཁོར་རྒྱུག   ཚོང་འགྲེམ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གཟུགས་འདས་ཤུལ་བཞག་རིག་གནས་དང་དེའི་ཐོན་ཁུངས་རྣམས་ཐོན་སྐྱེད་ནུས་ཤུགས་དང་ཐོན་རྫས་སུ་བསྒྱུར་ཏེ་དཔལ་འབྱོར་གྱི་ཁེ་ཕན་སྐྲུན་པ་དང་།  འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཐོན་སྐྱེད་ལག་ལེན་ཁྲོད་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་སྒོས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ལེགས་པོའི་ངང་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་དགོས་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།