བོད་ལྗོངས་སྨར་ཁམས་སུ་ཐུ་བྷོད་སྐབས་ཀྱི་སྤྱན་རས་གཟིགས་བརྒྱད་ཀྱི་སྐུ་བརྙན་རྙེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-02 11:34:00 ཀློག་གྲངས།:


བྱང་ཆུབ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་མོ།

             ཟླ8ཚེས29ཉིན།  དགོང་ལོ72ཅན་གྱི་ནང་བསྟན་གནའ་རྫས་རྟོག་ཞིབ་པ་ཝིན་ཡུ་ཁྲིན་ལགས་ཆབ་མདོ་ནས་སྨར་ཁམས་རྫོང་སྤང་མདའ་ཡུལ་ཚོའི་རབ་འདུས་སྡེ་བར་སླེབས་ཏེ་ཡུལ་དངོས་ནས་རྟོག་ཞིབ་བྱས་ཤིང་།  འདི་གར་དེ་བཞིན་གཤེགས་པའི་སྐུ་ཞིག་མཆིས་ཤིང་མཐོ་ཚད་ལ་ལི་སྨི240དང་དེའི་པདྨའི་ཁྲི་ཡི་མཐོ་ཚད་ལ་ལི་སྨི41འདུག    དེའི་འོག་གི་རྡོ་རྗེ་ཁྲི་ཡི་མཐོ་ཚད་ལ་ལི་སྨི155དང་ཁང་བའི་མཐོ་ཚད་ལ་ལི་སྨི436ཡོད་པ་ཡིན།   གཡས་གཡོན་ཕྱོགས་གཉིས་ཀའི་བྱང་ཆུབ་སྐུ་བརྒྱད་ཀྱི་མཐོ་ཚད་ལ་ལི་སྨི180དང་ཁྲིའི་མཐོ་ཚད་ལ་ལི་སྨི60།  ཁང་བའི་མཐོ་ཚད་ལ་ལི་སྨི240ཡོད་ལ།  དབུ་ལ་ཅོད་པན་བཞེས་ཤིང་ལུས་ལ་སྟོད་གོས་རིང་བོ་མནབས་པ་དང་སྐ་རགས་བཅིངས་ཡོད་པ་དང་།  རྐང་ལ་འཇུ་རྟ་གྱོན་ཡོད་པ་རེད།  དགེ་རྒན་ཆེན་མོ་ཝིན་ཡུ་ཁྲིན་གྱིས་སྐུའི་རྣམ་པར་བལྟས་ནས་འདི་ནི་རྒྱལ་ཡོངས་སུ་ཆེས་ཆེ་བའི་སྤྱན་རས་གཟིགས་བརྒྱད་ཀྱི་དཀྱིལ་འཁོར་གྱི་རྣམ་པ་ཞིག་ཡིན་ཏེ།  ཐུ་བྷོད་སྐབས་ཀྱི་སྒྱུ་རྩལ་ཆུ་ཚད་ཤིན་ཏུ་མཐོ་བའི་ཚབ་བྱེད་བརྩམས་ཆོས་ཤིག་ཏུ་ངེས་ཤིང་།  བོད་ཁུལ་དུ་ཐུ་བྷོད་དུས་སྐབས་སུ་མཆིས་པའི་རྡོ་བརྐོས་དེ་བཞིན་གཤེགས་པའི་སྐུ་བརྙན་ཉག་ཅིག་ཡིན་པར་འདོད།   ཁོས་སྐུ་འདིར་རིག་གཞུང་རིན་ཐང་ཆེན་པོ་ལྡན་པས་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་སུ་འཇོག་འོས་ཟེར།


བྱང་ཆུབ་བརྒྱད་ཀྱི་ནང་གསེས་ཤིག

             དང་ཐོག་ཆབ་མདོ་ས་ཁུལ་རིག་དངོས་ཅུ་ཡི་བཀྲ་ཤིས་དབང་འདུས་ཀྱིས་སྐབས་གསུམ་པའི་རྒྱལ་ཡོངས་རིག་དངོས་ཞིབ་དཔྱད་བྱེད་པའི་སྐབས་སུ་བོད་ལྗོངས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་སྤང་མདའ་ཡུལ་ཚོའི་རབ་འདུས་སྡེ་བ་རུ་དེ་བཞིན་གཤེགས་པའི་རྡོ་བརྐོས་སྐུ་བརྙན་འདི་གསར་རྙེད་བྱུང་བ་ཡིན་ཡང་། དེའི་ལོ་དུས་དང་འབྲེལ་ཡོད་རིག་གཞུང་གནད་དོན་སོགས་ལ་ད་དུང་ཞིབ་འཇུག་བྱེད་དགོས་རྐྱེན་ད་བར་དུ་རང་སོར་འཇོག་དགོས་བྱུང་བ་རེད། 


རྒན་ཝིན་ཡུ་ཁྲིན་རྣམ་པ་ཚོ་དང་ས་གནས་མང་ཚོགས།

            རྒན་ཝིན་ཡུ་ཁྲིན་གྱིས་བསྟན་དོན།  བོད་ཁུལ་གྱི་དེ་བཞིན་གཤེགས་པ་སྤྱན་རས་གཟིགས་བརྒྱད་ཀྱི་སྐུ་བརྙན་ཏེ།   མཚོ་སྔོན་ཡུལ་ཤུལ་གྱི"རྒྱ་བཟའ་ཀོང་ཇོའི་འདུ་གནས"དང་།  ཆབ་མདོའི་བྲག་གཡང་རྫོང་གི་རིང་རྟ་དགོན་པའི་རྟེན་མ་རྡོ་གཡམ་སྐུ་བརྙན།   སྨར་ཁམས་རྫོང་གི་སྐུ་བརྙན་ཐམས་ཅད་ནི《བྱང་ཆུབ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་མོ》ལྟར་བཞེངས་སྐྲུན་བྱས་པ་ཞིག་ཡིན་ཞིང་།   ཀན་སུའུ་ཏུང་ཧོང་རྫོང་ཡུ་ལིན་བྲག་ཕུག་ཨང25ཡི་ཤར་ལྡེབས་ཀྱི“དེ་བཞིན་གཤེགས་པ་སྤྱན་རས་གཟིགས་བརྒྱད་ཀྱི་ལྡེབས་རིས”ནི་འདི་ཚོའི་འབྱུང་ཁུངས་ཤིག་ཡིན་ལ།  དུས་རབས8པའི་དུས་མཇུག་ཏུ།   འདི་ལྟ་བུའི་སྐུ་བརྙན་དག་ཐུ་བྷོད་ལ་ཁྱབ་པ་རེད། 


བོད་ལུགས་ཀྱི་སེང་གེ

            ཉིན་འགའི་སྔོན་ཆབ་མདོ་རུ་ཚོགས་པའི་གླེང་མོལ་ཚོགས་འདུ་སྟེང་།  ཆབ་མདོ་ས་ཁུལ་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཐུབ་རྒྱལ་ལགས་ཀྱིས་ཁོ་རང1984ལོར་ཐེངས་དང་པོར་བྲག་གཡང་རྫོང་གི་རིང་རྟ་དགོན་པའི་རྟེན་མ་རྡོ་གཡམ་སྟེང་གི་བྱང་ཆུབ་བརྒྱད་ཀྱི་སྐུ་བརྙན་ལ་རྟོག་ཞིབ་ཏུ་སོང་བའི་རྒྱུད་རིམ་མཚམས་སྦྱོར་བྱས་ཤིང་།   དེའི་སྟེང་བཀོད་པའི་བོད་ཡིག་ལས་སྐུ་བརྙན་འདི་ནི་ཧ་ལམ་སྤྱི་ལོ804ལོའི་ཡིན་པར་སྙམ་ཟེར། 
            དེ་མིན་ཁོས་ད་དུང་བོད་ཡིག་ཅོག་ཏུ་རྒྱ་ཡིག་ཡིག་འབྲུ50ནས60ལྷག་ཡོད་ཅིང་ཅུང་གསལ་བོར་སྣང་བའི་ཡི་གེ་ནི“匠浑天”ཞེས་པའི་རྒྱའི་ལག་རྩལ་བཟོ་བ་གསུམ་དང“出老法藏为父母” སོགས་རེད།   རྒན་ཝིན་ཡུ་ཁྲིན་གྱིས་བརྟག་དཔྱད་བྱས་ན“出老”  ནི་བླ་ཆེན་པའི་ཆོས་མིང་དང“法藏”ནི་ཞེ་ཚིག་ཡིན་པར་འདོད།  ཡིན་ཡང“出老”ནི་གང་ཞིག་གི་མི་ཡིན་པ་ད་དུང་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་ཟེར། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།