ནང་བསྟན་རིག་གནས་དང་བོད་ལྗོངས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་རིག་གཞུང་དཔྱད་གླེང་ཚོགས་འདུ་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-02 11:48:00 ཀློག་གྲངས།:

            ཉེ་ལམ།   བོད་ལྗོངས་མི་རིགས་སློབ་གླིང་དང་ཧྭ་ཏུང་དགེ་ཐོན་སློབ་ཆེན་མཚན་ཉིད་གླིང་གཉིས་ཀྱིས་མཉམ་སྒྲུབ་གནང་བའི“ནང་བསྟན་རིག་གནས་དང་བོད་ལྗོངས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་རིག་གཞུང་དཔྱད་གླེང་ཚོགས་འདུ”དེ་བོད་ལྗོངས་མི་རིགས་སློབ་གླིང་དུ་སྤེལ་ཞིང་།  འདི་ནི་སློབ་གླིང་གཉིས་ཀྱིས་གཅིག་མཐུན་བརྗོད་བྱ་དམིགས་སུ་བཟུང་སྟེ་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པ་ཡིན།  
            ཚོགས་ཞུགས་མི་རྣམས་ཀྱིས་ནང་བསྟན་རིག་གནས་ཀྱིས་བོད་ལྗོངས་འཆམ་མཐུན་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་དང་།  བོད་རྒྱུད་ནང་བསྟན་གྱི་མིག་སྔའི་འཕེལ་རྒྱས་གནས་ཚུལ།   བོད་རྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ལ་ཇི་ལྟར་འཕྲོད་སྦྱོར་བྱེད་པ།  བོད་རྒྱུད་ནང་བསྟན་གྱི་དོ་དམ་ལམ་ལུགས་དང་སྲིད་ཇུས་སོགས་ཀྱི་ཐད་ནས་གྲོས་བསྡུར་གནང་བ་རེད།
            ཚོགས་ཞུགས་རྣམ་པ་ཚོས་བོད་རྒྱུད་ནང་བསྟན་རིག་གནས་ནི་བོད་རིགས་མང་ཚོགས་ལ་རྒྱུན་རིང་ཤུགས་རྐྱེན་ཐེབས་པའི་མི་རིགས་སྲོལ་རྒྱུན་རིག་གནས་ཤིག་ཡིན་ཞིང་།  བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་དང་།  དཔལ་འབྱོར་འཕེལ་རྒྱས།  མི་རིགས་མཐུན་སྒྲིལ་སོགས་ཀྱི་ཆ་ལ་ནུས་བ་ཆེན་པོ་ཐོན་གྱི་ཡོད་དེ།  བོད་ལྗོངས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་དངོས་འབེབ་བྱེད་དགོས་པ་དང་།  བོད་རྒྱུད་ནང་བསྟན་དོ་དམ་བྱེད་ཐབས་འཚོལ་ཞིབ་བྱས་ཏེ་བོད་རྒྱུད་ནང་བསྟན་ཁག་དང་སྤྱི་ཚོགས་གཉིས་ཕན་ཚུན་མཉམ་འབྲེལ་སྐུལ་རེས་བྱས་ཐོག   བོད་རྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་ཕན་ཚུན་འཕྲོད་སྦྱོར་བྱེད་པར་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་འཆམ་མཐུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་པར་འདོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།