ལྷ་ས་སྐར་མ་དགོན་གསར་བསྒྱུར་བཟོའི་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-09-03 10:06:00 ཀློག་གྲངས།:

               ཟླ8པའི་ཚེས30ཉིན་གྱི་ཕྱི་དྲོ།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐར་མ་དགོན་གསར་སྡེ་ཁུལ་གྱི་སྡོད་གནས་སྐྱོ་ཁུལ་གྱི་སྡོད་ཁང་བསྒྱུར་བཟོའི་རྣམ་གྲངས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་ལྷ་ས་རོལ་སྐྱིད་གསོལ་མགྲོན་ཁང་དུ་འཚོགས་པ་རེད། 
               བསྒྱུར་བཅོས་རྣམ་གྲངས་དེའི་ནང་རྔ་ཆེན་ལམ་གྱི་ལྷོ་རྒྱུད་དང་སྐར་མ་དགོན་གསར་ལམ་གྱི་བྱང་རྒྱུད། ཅང་སུའུ་ཤར་ལམ་གྱི་ཤར་རྒྱུད། གཙང་རལ་ལམ་གྱི་ནུབ་རྒྱུད་བཅས་ཚུད་ཡོད་པ་དང་ས་ཆའི་རྒྱ་ཁྱོན་མུའུ694.4ཟིན་གྱི་ཡོད་པ་རེད། སྡེ་ཁུལ་དེ་སྤྱི་ལོ1988ལོར་ཆགས་པ་དང༌། ས་ཆ་དེ་གའི་གྲོང་མི་ཁག་གཅིག་དང་ས་ཁུལ་ཁག་ནས་གནས་སྤོས་བྱས་པའི་མི་དང་ལྷ་སའི་མང་ཚོགས་ཀྱིས་ས་ཆ་ཉོས་ནས་ཁང་པ་རྒྱབ་པས། གཞི་ཁྱོན་ཆེ་རུ་ཕྱིན་པ་དང་སྡོད་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་ལས་རིམ་བཞིན་གྲུབ་པ་ཞིག་རེད། བསྒྱུར་བཅོས་རྣམ་གྲངས་ནང་ས་ཆ་བསྡུ་བ་དང་སྡོད་ཁང་གཤིགས་སྤོ། ཚོང་བསྒྱུར་ཁང་པ་འཛུགས་སྐྲུན། འཛུགས་སྐྲུན་ཁྱབ་ཁོངས་ནང་གི་གྲོང་ཁུལ་འཛུགས་སྐྲུན་ལས་གཞི། མཛེས་ལྗོངས་ལས་གཞི། རྟ་སྒ་ཆ་སྒྲིག་གི་ཞབས་ཞུའི་ལས་གཞི་སོགས་ཚུད་ཡོད་པ་རེད། རྣམ་གྲངས་འཛུགས་སྐྲུན་ཟིན་རྗེས་དུད་ཚང1000ལྷག་གི་མང་ཚོགས་ཁྲི1ཙམ་ལ་ཕན་པ་ཐོབ་རྒྱུ་རེད་ཅེས་ངོ་སྤྲོད་གནང་བ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།