ཀྲུང་གོ་གློག་བརྙན་འཕེལ་རྒྱས་གླེང་སྟེགས་ཚོགས་འདུ་དང་འབྲེལ་ཡོད་བྱ་དགའ་སྟེར་བའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བཀྲ་ཤིས་འབུམ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2011-09-03 10:26:00 ཀློག་གྲངས།:


མཚོ་སྔོན་རིག་གནས་ལ་ཡར་སྐུལ་བྱས་པའི་འབུར་ཐོན་བྱས་རྗེས་བྱ་
དགའ་ཐོབ་མཁན་གྱི་འཐུས་མི་ལ་བྱ་དགའ་སྟེར་བའི་ཚུལ།

             སྐབས་གཉིས་པའི་ཀྲུང་གོ་གློག་བརྙན་འཕེལ་རྒྱས་གླེང་སྟེགས་ཚོགས་འདུ་དང་ནུབ་རྒྱུད་སྐར་འོད2010ལོ་ནས2011ལོའི་ཀྲུང་གོའི་གློག་བརྙན་ལ་ཡར་སྐུལ་བྱས་པའི་མི་སྣ་དང་གློག་བརྙན་ལ་བྱ་དགའ་སྟེར་བའི་མཛད་སྒོའི་ཆང་སྟོན་ཚོགས་འདུ་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་ཟི་ལིང་ནས་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཅི་ཏིས་མ་ཅ་ཡིས་ཤིས་ཚིག་ཕུལ་བར་མ་ཟད། མཚོ་སྔོན་གྱི་བྱ་འགུལ་ལ་ཞུགས་པར་ཡོང་བའི་མགོ་ཁྲིད་པ་དང་མགྲོན་པོ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
             ཆང་སྟོན་ཚོགས་འདུའི་སྟེང་ཅི་ཏིས་མ་ཅ་ཡིས་ཤིས་ཚིལ་འབུལ་སྐབས་བཤད་རྒྱུར། སྐབས་འདིའི་གློག་བརྙན་གླེང་སྟེགས་དང་གློག་བརྙན་ལ་ཡར་སྐུལ་བྱས་པའི་མི་སྣ་དང་གློག་བརྙན་ལ་བྱ་དགའ་སྟེར་བའི་མཛད་སྒོ་བསྡུས་པ་ནི་མཚོ་སྔོན་དང་གློག་བརྙན་བར་འབྲེལ་བ་ཟབ་མོ་ཆགས་པའི་ཚོགས་ཆེན་ཐེངས་ཤིག་ཡིན་ལ། གློག་བརྙན་ལས་རིགས་ཀྱིས་མཚོ་སྔོན་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་པ་རྣམས་ཀྱིས་གློག་བརྙན་སྔར་ལས་རྒྱུས་ལོན་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཡིན་པར་མ་ཟད། མཚོ་སྔོན་གྱིས་ཕྱི་ཕྱོགས་རིག་གནས་ནང་འདྲེན་བྱེད་པ་དང་གློག་བརྙན་ཐོན་ཁུངས་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་ཡར་སྐུལ་གྱི་ནུས་པ་ཆེན་པོ་འདོན་ངེས་ཡིན་ཟེར།
             ཆང་སྟོན་ཚོགས་འདུའི་སྟེང་ད་དུང་པེ་ཅིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲི་ཀྲང་གཞོན་པ། དྲིལ་སྒྲོག་པུའུ་ཀྲང་ལུའུ་བེ་དང་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་བང་ཧེ་ཐོ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། མིང་གྲགས་འཁྲབ་སྟོན་པ་ལིས་ལིན་སོགས་མི་བཅུ་ལ་མཚོ་སྔོན་རིག་གནས་ལ་ཡར་སྐུལ་བྱས་པའི་འབུར་ཐོན་བྱས་རྗེས་ཀྱི་བྱ་དགའ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།