ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་ཞེས་པ་ལྷ་ས་ནས་ལེགས་འགྲུབ་ལྡན་པའི་ངང་སྤེལ་བ།
སྤྱི་ཟླ8པའི་ཚེས28ནས་སྤྱི་ཟླ9པའི་ཚེས1ཉིན་བར་བོད་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པའི་བོད་ལྗོངས་ཤེས་ཚོར། ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་ཞེས་པ་ལྷ་སར་ལེགས་འགྲུབ་ལྡན་པའི་ངང་སྤེལ་བ་རེད། རྒྱ་གར་དང་བལ་ཡུལ་གྱི་གསར་འགོད་པ5དང་ཕྱི་རྒྱལ་གྱི་རྒྱ་ཡིག་མཚམས་སྦྱོར་ཚན་པའི་འགན་འཁུར་བ5གདན་ཞུས་ལྟར་བྱེད་སྒོར་ཞུགས་ཡོད་པ་རེད། གསར་འགོད་པའི་ཚོགས་པ་དང་བཅས་པ་ཞོ་སྟོན་འགོ་ཚུགས་མཛད་སྒོ་དང་འབྲས་སྤུངས་དགོན་པའི་གོས་སྐུ་བཀྲམ་པ་སོགས་ཀྱི་བྱེད་སྒོར་ཞུགས་པ་མ་ཟད་རང་ལྗོངས་ཀྱི་ལྷ་ས་དང་ལྷོ་ཁ་སོགས་སུ་ཕེབས་པ་དང་། བོད་ལྗོངས་བརྟེན་རྫས་བཤམས་སྟོན་ཁང་དང་བོད་ལྗོངས་སློབ་གྲྭ་ཆེ་མོ། ཕོ་བྲང་པོ་ཏ་ལ། གཙུག་ལག་ཁང་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཁུལ་དུ་ཕེབས་ཏེ་རང་ལྗོངས་ཀྱི་འབྲེལ་ཡོད་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་གོང་འཕེལ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་། ས་ཆ་དངོས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པ་དང་བོད་ཀྱི་ལྷ་མོ་དང་བོད་ལུགས་གསོ་རིགས། བོད་ཡིག་ཞིབ་འཇུག་བཅས་གནང་མཁན་རིགས་གཅིག་མཁས་པར་བཅར་འདྲི་གནང་བ་མ་ཟད་ཞིང་འབྲོག་ཁུལ་དུ་ཟབ་སྐྱོད་ཀྱིས་ཞིང་འབྲོག་མང་ཚོགས་དང་གྲོས་མོལ་ཡང་གནང་བ་རེད།
གཟིགས་སྐོར་དང་བཅར་འདྲི་གནང་སྐབས་གསར་འགོད་པ་ཚོགས་པས་མྱོང་ཚོར་གླེང་ཞིང་། བལ་ཡུལ་གྱི་གསར་འགོད་པ་ལྷ་མོ་སར་གྱིས་བོད་ཀྱི་གོང་འཕེལ་ཡག་པོ་དེ་འདྲ་བྱུང་བ་དང་དེང་རབས་ཅན་གྱི་ཆུ་ཚད་མཐོ་པོ་དེ་འདྲ་ཡོད་པ་ནི་ང་ཚོ་འདི་གར་མ་ཡོང་གོང་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཞིང་ང་ཚོས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་དང༌། རྒྱ་གར་གྱི་གསར་འགོད་པ་མའེ་ཏེན་གྱིས་ཀྲུང་གོས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་ཆེན་པོ་གནང་ཡོད་པ་དེ་ནི་ཐེ་འཚོམ་སྤྲུ་ཙམ་མེད་པ་ཞིག་ཡིན་ལ། ང་ཚོས་ཉིན་ཤས་ནང་མཐོང་བའི་གནས་ཚུལ་དངོས་དང་གོང་འཕེལ་གྱི་བོད་ལྗོངས་དེ་ང་ཚོའི་རྒྱལ་ཁབ་ཀྱི་མི་དམངས་ལ་ངོ་སྤྲོད་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com