སྐབས་དང་པོའི་བོད་ཀྱི་འོ་ཇའི་མཐོ་རིམ་གླེང་སྟེགས་ལྷ་ས་ནས་ཚོགས་འགོ་བརྩམས་པ།
ཉེ་ལམ། ཀྲུང་གོའི་བོད་ཀྱི་འོ་ཇའི་རྒྱལ་སྤྱིའི་མནའ་འབྲེལ་དང་། སི་ཁྲོན་གཡག་རྔའི་ཇ་ལས་བཟོ་གྲྭ ཧྲིན་ཀྲིན་རོང་ཐུང་ཚོང་འགུག་བློ་འདྲི་ཚད་ཡོད་ཀུང་ཟིས་གཙོ་སྒྲུབ་བྱས་པའི་སྐབས་དང་པོའི་བོད་ཀྱི་འོ་ཇའི་མཐོ་རིམ་གླེང་སྟེགས་ལྷ་ས་ནས་ཚོགས་པ་དང་། འོ་ཇའི་བདེ་ཐང་རིག་གནས་བརྗོད་བྱ་བྱས་པའི་གླེང་སྟེགས་དེས་རྒྱལ་ཁབ་ཕྱི་ནང་གི་ཇའི་ལས་རིགས་སྟེང་གི་མི་སྣ་མང་པོ་ཞིག་བཀུག་ཡོང་བ་དང་། འོ་ཇ་འཐུང་རྒྱུར་དགའ་བའི་གྲོགས་པོ་མི་ཉུང་བ་ཞིག་ཐེངས་འདིའི་གླེང་སྟེགས་ལ་ཞུགས།
རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཧྲིན་ཀྲིན་གྲོང་ཁྱེར་སོགས་མཚོ་འགྲམ་གྲོང་ཁྱེར་དུ་འོ་ཇ་ཕྱིར་འཚོང་བྱེད་པའི་ཚད་ལོ་རེར་ཇེ་མཐོར་སོང་ཡོད། བོད་ལྗོངས་ཀྱི་ཐེན་ཅའོ་གནའ་ཇ་ཉོ་ཚོང་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཕོ་ལིས་ལི་ཡིས་བཤད་རྒྱུར། འོ་ཇའི་རིན་ཐང་འཛད་སྤྱོད་པ་མང་པོས་ཤེས་པ་དང་བསྟུན་ནས། འོ་ཇ་འཐུང་མཁན་གྱི་མི་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། མིག་སྔའི་བར་དུ། འོ་ཇ་པེ་ཅིན་དང་། ཧྲང་ཧའེ། ཀྲེ་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་བཅུ་ལྷག་ལ་ཕྱིར་འཚོང་བྱེད་བཞིན་ཡོད་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com