འབར་ཁམས་རྫོང་གིས་སྐབས་གསུམ་པའི་རྒྱལ་རོང་སྐོར་བྲོའི་དུས་ཆེན་གཟབ་རྒྱས་ངང་འཚོགས་པ།
ཡུལ་ཚོ་སོ་སོའི་འཐུས་ཚབ་རྣམས་ཚོགས་རར་ཕེབས་བཞིན་ཡོད་པ།
ཉིན་འགའི་སྔོན། འབར་ཁམས་རྫོང་གིས་སྐབས་གསུམ་པའི་རྒྱལ་རོང་སྐོར་བྲོའི་དུས་ཆེན་དེ་འབར་ཁམས་རྫོང་གི་རིག་གནས་ལུས་རྩལ་ཐང་ནས་གཟབ་རྒྱས་ངང་སྤེལ་ཞིང་། དུས་ཆེན་དུ་འབར་ཁམས་རྫོང་གི་ཡུལ་གྲོང་བཅུ་བཞི་ནས་ཡོང་བའི་རི་གླུའི་འགྲན་ཞུགས་པ་དང་སྐོར་བྲོའི་རུ་ཁག་ལྷན་དུ་འཛོམས་ནས་རེ་རེ་བཞིན་འགྲན་སྡུར་བྱས་པ་རེད།
གདོད་མའི་རྣམ་པ་ལྡན་པའི་སྐོར་བྲོ་འཁྲབ་བཞིན་པ།
རི་གླུའི་འགྲན་ཞུགས་པ་བཅུ་བཞིའི་རེ་རེ་བཞིན་བཀྲ་ཤིས་པའི་ཁ་བཏགས་དང་། ལ་གཞན་སྙན་མོ་སོགས་གདོད་མའི་ཁྱད་ཆོས་མ་དོར་བར་འགྲན་བསྡུར་བྱས་ཤིང་། སྐོར་བྲོའི་རུ་ཁག་དག་གིས་ཀྱང་རང་རང་ཁྱད་ཆོས་ལྡན་པའི་སྐོར་བྲོ་འཁྲབ་པས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།
གཟབ་རྒྱས་ཆེ་བའི་སྐོར་བྲོའི་རྣམ་པ།
རྒྱུས་ལོན་བྱུང་བ་ལྟར་ན། ཉིན་དེའི་དགོང་མོར་འབར་ཁམས་རྫོང་མི་རིགས་རིག་གནས་ལུས་རྩལ་ཐང་ནས་ཀྱང་སྐོར་བྲོ་མཉམ་སྤྲོའི་བྱ་འགུལ་སྤེལ་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com