2011ལོར་གནམ་མཚོ་ཕྱུག་མོ་རྒྱལ་ཁབ་རིམ་པའི་གནས་སྐོར་ལྟེ་གནསA4རིམ་པར་ཚུད་ངེས་པ།
ཉེ་བའི་དུས་འདིར། འདམ་གཞུང་རྫོང་གིས་རྒྱལ་ཁབA4རིམ་པའི་གནས་སྐོར་ལྟེ་གནས་ཀྱི་འབྲེལ་ཡོད་ཡུལ་སྐོར་སྒྲིག་ཆས་ཚད་གཞི་ལྟར། མུ་མཐུད་དུ་གནམ་མཚོ་ཡུལ་སྐོར་ལྟེ་གནས་ཀྱི་རྨང་གཞི་སྒྲིག་ཆས་ལེགས་བཅོས་བྱས་ཤིང་། བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་རྣམས་བརྩོན་པ་མཉམ་བསྐྱེད་སྒོས་ད་ལོར་གནམ་མཚོ་ཕྱུག་མོ་འདི་ཉིད་རང་སྐྱོང་ལྗོངས་རྒྱལ་ཁབ་རིམ་པའིA4གནས་སྐོར་ལྟེ་གནས་ཨང13པ་རུ་ཚུད་པའི་རེ་བ་ཆེ་བར་ཡོད།
བྱང་ཐང་གི་གནམ་མཚོ་ཕྱུག་མོ་འདི་ཉིད་འདམ་གཞུང་རྫོང་དང་བར་ཐག་ལེ་དབར་སྤྱི་ལེ60ཡོད་ཅིང་འཛམ་གླིང་དུ་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་ཚྭ་ཆུའི་མཚེའུ་ཞིག་ཡིན། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1940དང་མཚོ་ངོས་ལས་མཐོ་ཚད་ལ་སྨི4700ཡིན། མཚོ་ཆུ་དྭངས་ཤིང་གསལ་ལ། བོད་རྒྱུད་ནང་བསྟན་གྱི་དག་ཞིང་གི་གནས་མཆོག་གལ་ཆེན་ཞིག་ཏུ་ངེས་ཀྱི་ཡོད།
ལྷ་ས་གྲོང་ཁྱེར་གནས་སྐོར་ཅུའི་འགོ་གཙོ་གཞོན་པ་ཝང་ཕིན་གྱིས་བཤད་རྒྱུར། ད་སྔ་གནམ་མཚོ་ཕྱུག་མོ་ནི་པོ་ཏ་ལ་དང་བར་སྐོར་སོགས་ཕུད་པའི་གནས་སྐོར་ལྟེ་གནས་གཞན་ཞིག་ཡིན་ཞིང་། ལོ་རེར་གནས་སྐོར་བ་གང་མང་གནས་འདིར་ཡོང་སྟེ་གནམ་མཚོའི་མཛེས་ལྗོངས་ལ་བག་ཕེབས་ཀྱིས་མྱོང་རོལ་བྱེད་བཞིན་ཡོད་ཟེར། 2010ལོར། རང་སྐྱོང་ལྗོངས་གྲོང་གསེབ་དང་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་རྒྱལ་ཁབ་རིམ་པའིA4གནས་སྐོར་ལྟེ་གནས་སུ་ཡར་ཞུ་བྱེད་པར་གནམ་མཚོ་འདི་ཉིད་བོད་ཁུལ་རོགས་སྐྱོར་ལས་གཞི་རུ་བཞག་སྟེ་འཆར་འགོད་དང་འཛུགས་སྐྲུན་གནང་བ་རེད།
གནམ་མཚོ་གནས་སྐོར་ལྟེ་གནས་ནི་ལྷ་སའི་གནས་སྐོར་ལྟེ་གནས་གལ་ཆེན་ཞིག་ཡིན་པའི་ཆ་ནས། རང་སྐྱོང་ལྗོངས་གནས་སྐོར་ཅུའི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སྐབས་ནང་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་གླིང་ག་ཆེན་པོ་བཞིའི་གྲས་ཤིག་ཡིན་ཞིང་། ད་སྔ་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་གནས་སྐོར་ལྟེ་གནས་ཀྱི་སྒྲིག་ཆས་སོགས་ལེགས་བཅོས་བྱེད་བཞིན་ཡོད་ལ། ད་ལོར་རྒྱལ་ཁབA4རིམ་པའི་གནས་སྐོར་ལྟེ་གནས་སུ་ཚུད་པར་ཡིད་ཆེས་ཡོད་ཅེས་ཝང་ཕིན་གྱིས་གསར་འགོད་པར་མཚམས་སྦྱོར་གནང་ལ། 《ལྷ་ས་གྲོང་ཁྱེར་གནས་སྐོར་འཕེལ་རྒྱས་འཆར་འགོད》ལྟར། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སྐབས་སུ་འདམ་གཞུང་རྫོང་གིས་གནམ་མཚོ་དང་གཉན་ཆེན་ཐང་ལྷ་སོགས་དམིགས་སུ་བཟུང་བའི་དག་ཞིང་གི་གནས་མཆོག་མཛེས་ལྗོངས་ཁུལ་དང་། ཡང་པ་ཅན་དམིགས་སུ་བཟུང་བའི་ཆུ་ཚན་སྤྲོ་གསེང་ཁུལ། ཡངས་པ་ཅན་དགོན་པ་ནས་བྱང་ཐང་མཆོད་རྟེན་བརྒྱད་ཀྱི་མཚོ་བོད་གཞུང་ལམ་འགྲམ་རྒྱུད་གཙོ་བྱས་པའི་བྱང་ཐང་གནས་སྐོར་ཐོན་ལས་འཕེལ་རྒྱས་ས་ཁུལ་སོགས་ཀྱི་འཛུགས་སྐྲུན་དམ་དུ་བཟུང་རྒྱུ་ཡིན་པ་རེད།
མ་འོངས་ལོ་འགའི་ནང་། འདམ་གཞུང་རྫོང་གིས་བཀྲ་ཤིས་གླིང་ཕྲན་གནས་སྐོར་ལྗོངས་རྒྱུ་གླིང་སྐོར་སྤྲོ་འཆམ་དང་། བཀྲ་ཤིས་གླིང་ཕྲན་ནས་མཚོ་སྙིང་དུ་སྐྱོད་པ། ཡངས་པ་ཅན་ནས་ཆུ་ཚན་སྤྲོ་གསེང་དུ་བརྒྱུད་པ། གཉན་ཆེན་ཐང་ལྷ་རུ་སྐོར་བ། འབྲོག་པའི་མི་རིགས་འཚོ་བར་ཚོར་མྱོང་བྱེད་པ་སོགས་གནས་སྐོར་ལས་གཞི་འཕེལ་རྒྱས་སུ་གཏོང་རྩིས་ཡོད་ཅིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་བསྩལ་ཏེ་ཕན་འབྲས་ལྡན་པའི་སྒོ་ནས་གནམ་མཚོའི་གནས་སྐོར་རིན་ཐང་ཆེར་བསྐྱེད་དེ་སྙན་གྲགས་རང་བཞིན་སྒོས་སྒོ་འཛུལ་ཤོག་བྱང་དཔལ་འབྱོར་ནས་གནས་སྐོར་ཐོན་ལས་དཔལ་འབྱོར་དུ་སྤོ་འགྱུར་བྱེད་པར་ཡར་སྐུལ་བྱས་ཏེ། ནུས་ཡོད་ཀྱིས་འདམ་གཞུང་རྫོང་གི་གནས་སྐོར་དཔལ་འབྱོར་འཕེལ་རྒྱས་སྔོན་ནས་སྔོན་དུ་སྐྱོད་པར་བྱ་རྒྱུ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com