དཀར་མཛེས་ནས་བཙན་པོ་རྒྱལ་རབས་ཀྱི་བང་སོ་ཞིག་རྙེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-06 10:54:00 ཀློག་གྲངས།:


རྟའུ་རྫོང་དུ་རྙེད་པའི་བཙན་པོའི་བང་སོ། 

             དཀར་མཛེས་ཁུལ་རྟའུ་རྫོང་དྲིལ་བསྒྲགས་པུའུ་ཡི་འགོ་གཙོ་གོ་རོང་པུ་ལུ་ཡིས་མཁོ་སྤྲོད་བྱས་པའི་གནས་ཚུལ་ལྟར་ན།  ཟླ9ཚེས5ཉིན་གྱི་སྔ་དྲོ།  ནང་བསྟན་གནའ་རྫས་རྟོག་ཞིབ་པ་ཝང་ཡུ་ཁྲིན་འཁོར་དང་བཅས་བས་རྟའུ་རྫོང་མཁར་ལྷོའི་སྡེ་བ་ཞིག་སྟེ་ཧ་ལམ་རྫོང་དང་བར་ཐག་སྤྱི་ལེ10ཡི་བྱམས་ཆུའི་འགྲམ་དུ་གནའ་བོའི་བཙན་པོའི་བང་སོ་ཆེན་པོ་ཞིག་རྙེད་པ་རེད། 


རྟའུ་རྫོང་དུ་ཡོད་པའི་གནའ་མཁར། 

             བང་སོ་འདི་ནི་དབྱིབས་སྒོར་སྒོར་དུ་ཡོད་ཅིང་རྒྱབ་ཕྱོགས་ཅུང་གཟར་བོ་དང་ལྷོ་འདབས་ཅུང་ནར་མོའི་དབྱིབས་སུ་གྲུབ་འདུག་ལ།    ཞབས་ཀྱི་ཚངས་ཐིག་ལ་ཧ་ལམ་སྤྱི་ཁྲི300དང་མཐོ་ཚད་ལ་སྤྱི་ཁྲི60ནས70ཡས་མས་ཡོད་པ་དང་།   བང་སོའི་མཐའ་འཁོར་དུ་གྱང་ར་སྐོར་བའི་ཤུལ་འདུག་ལ་གྱང་ལག་ཁ་ཤས་ཤིག་རལ་དུ་གྱུར་ཡོད་པས་མི་རྣམས་ཀྱིས་རྡོ་ཡིས་ས་བརྡུངས་བྱས་པ་ཡིན་པ་གསལ་བོར་ཤེས་ཐུབ།     བཙན་པོ་རྒྱལ་རབས་ཀྱི་བང་སོ་གསར་་རྙེད་བྱུང་བ་འདིས་རང་རྒྱལ་ལྷོ་ནུབ་ས་ཁུལ་དུ་གནའ་རྫས་རྟོག་ཞིབ་ཀྱི་སྟོང་ཆ་ཞིག་བསྐངས་པ་རེད། 


ཝང་ཡུ་ཁྲིན་ལགས་རྟའུ་རྫོང་གནའ་མཁར་དུ་ཆས་བཞིན་པ།   

             བང་སོ་འདིའི་འབྲེལ་ཡོད་མི་རིགས་ཁྱབ་ཁུངས་དང་དུས་རབས་སོགས་ཀྱི་ཁུངས་གཏུགས་པར།  ཝང་ཡུ་ཁྲིན་ལགས་ཀྱིས་རྒྱའི་ལོ་རྒྱུས་ལས་བཀོད་པའི“ཧྥུ་གོ”ལ་འབྲེལ་བ་ཡོད་པར་བཤད།   རྟའུ་རྫོང་དུ་གནའ་བོའི་མཁར་གྲོང་ཞིག་མཆིས་ཤིང་།  ད་ལྟ་ད་དུང་སྨི10ལྷག་གི་བར་ཐག་ཏུ་ཤར་གྱི་མཁར་གྱང་གི་ཤུལ་གནས་མཐོང་ཐུབ་ལ།   ཝང་ཡུ་ཁྲིན་ལགས་ཀྱིས་མཁར་གྱང་འདི་ནི“ཟུར་ལོགས་རྒྱལ་ཁབ”ཀྱི་རྒྱལ་ས་ཡིན་པར་སྙམ་པ་དང་།  བཙན་པོའི་བང་སོ་འདི་དང་རྒྱལ་ས་གཉིས་ཕན་ཚུན་འབྲེལ་བ་དམ་པོ་ཡོད་ངེས་པ་སོགས་རྒྱུ་རྐྱེན་ལ་གཞིགས་ན།  བཙན་པོའི་བང་སོ་འདི་ནི་ཧ་ལམ་སྤྱི་ལོའི་དུས་རབས2ནས6བར་གྱི་དུས་སྐབས་སུ་བཙུགས་པ་ཚོད་དཔག་བྱེད་ཐུབ་སྟེ།  ཡང་གཅིག་བཤད་ན་སྤྱི་ལོའི་དུས་རབས7པར་ཐུ་བྷོད་རྒྱལ་ཁབ་ཀྱིས“ཧྥུ་གོ”མེད་པར་བཟོས་བའི་སྔོན་ཡིན་པ་རེད་ཟེར།  
             ཁོས་ད་དུང“ཧྥུ་གོ”ནི་ནུབ་བྱང་ས་ཁུལ(ད་ལྟའི་ཡུ་གར་ཐུ་ལུ་ཧྥན་དང་ཧྭ་སྨི་ས་ཁུལ)གྱི“ཅིན་ཧྥུ་གོ”གནས་འདིར་སྤར་བ་ཚོད་དཔག་བྱས་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།