2011ལོའི་མཚོ་སྔོན་མཐོ་སྒང་འཛམ་གླིང་བྲག་ཐེམ་གྱེན་འཛེག་ལུས་རྩལ་འགྲན་བསྡུར་མཇུག་སྒྲིལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-07 10:57:00 ཀློག་གྲངས།:


2011ལོའི་མཚོ་སྔོན་མཐོ་སྒང་འཛམ་གླིང་བྲག་ཐེམ་གྱེན་འཛེག་ལུས་རྩལ་འགྲན་བསྡུར། 

            ཟླ9ཚེས3ཉིན།  དུས་ཡུན་ཉིན་གཉིས་ཀྱི2011ལོའི་མཚོ་སྔོན་མཐོ་སྒང་འཛམ་གླིང་བྲག་ཐེམ་གྱེན་འཛེག་ལུས་རྩལ་འགྲན་བསྡུར་དེ་ཁྲི་ཀའི་རྒྱལ་ཁབ་ས་གཤིས་གླིང་ག་རུ་ཡོངས་སུ་མཇུག་སྒྲིལ་བའི་མཛད་སྒོ་བསྡུས།  ཐེངས་འདིའི་བྲག་ཐེམ་གྱེན་འཛེག་འགྲན་བསྡུར་ལས་འཛམ་གླིང་ཕྱོགས་སོ་སོ་ནས་ཡོང་བའི་འགྲན་ཞུགས་པ་རྣམས་ཀྱིས་མང་ཚོགས་ལ་རང་ཉིད་ཀྱི་སྟོབས་དང་རྩལ་ངོམ་པ་སྟེ།  ཁོང་ཚོའི་རྣམ་པ་དེར་གཟིགས་ན་ཧ་ལམ་བྲོ་འཁྲབ་པའི་སྣང་བ་ཞིག་ངང་གིས་སྟེར་འོངས།   
            ཐེངས་འདིར་འགྲན་ཞུགས་རྒྱལ་ཁབ་ནི་ཡོ་རོབ་གླིང་དང་།  ཡ་གླིང་།  གླིང་ཆེན་ཨ་མེ་རི་ཁ།  ཧྥེ་གླིང་སོགས་ཡིན་ཞིང་།  འཛམ་གླིང་བྲག་ཐེམ་འཛེག་པའི་ལུས་རྩལ་ལས་གཞི་ཁྲོད་ཨང་བཅུ་བ་སྔོན་གྱི་ལུས་རྩལ་པ་རྣམས་ཐེངས་འདིའི་འགྲན་བསྡུར་ལ་ཐོ་འགོད་བྱས་པ་ཡིན་ལ།  འདིས་བྲག་ཐེམ་འཛེག་པའི་ལུས་རྩལ་གྱི་ཆེས་མཐོའི་ཆུ་ཚད་མཚོན་གྱི་ཡོད།    འགྲན་བསྡུར་ལ་སྣ་རྐྱང་རྣམ་གྲངས4ཡོད་དེ།  སྐྱེས་པའི་དཀའ་ཚད་འགྲན་བསྡུར་དང་།  སྐྱེས་མའི་དཀའ་ཚད་འགྲན་བསྡུར།  སྐྱེས་པའི་མྱུར་ཚད་འགྲན་བསྡུར་དང་སྐྱེས་མའི་མྱུར་ཚད་འགྲན་བསྡུར་བཅས་ཡིན།   
            ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད་།  ཨུ་རུ་སུ་ནས་ཡོང་བའི་མཱ་ལེ་ཡཱ་དང་ཁི་སེ་ནི་ཡཱ།  ཡེག་ལེ་ཡཱ་བཅས་སོ་སོས་སྐྱེས་མའི་མྱུར་ཚད་འགྲན་བསྡུར་ཁྲོད་ཨང་དང་པོ་དང་གཉིས་པ།  གསུམ་པ་བཅས་བླངས་ཤིང་།  ཨུ་རུ་སུའི་མཱ་ལེ་ཡཱས་མྱུར་ཚད་སྐར་ཆ8:87གྱི་འབྲས་བུ་ལས་སྐྱེས་མའི་མྱུར་ཚད་འགྲན་བསྡུར་གྱི་འཛམ་གླིང་ཟིན་ཐོ་གསར་བ་བཀོད་པ་རེད།  ཀྲུང་གོའི་ཀྲུང་ཆི་ཤིན་དང་ཕོ་ལན་རྒྱལ་ཁབ་ཀྱི་ལུའོ་ཁཱ་སི་སི་ཝེ་ཁི།  ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་ཅཱ་ལར་བཅས་སོ་སོས་སྐྱེས་པའི་མྱུར་ཚད་འགྲན་བསྡུར་ཁྲོད་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་བླངས་པ་ཡིན་ལ།   སི་ལོ་ཝིན་ཉི་ཡ་རྒྱལ་ཁབ་ཀྱི་མཱ་སི་ཝེ་ཆི་སྨི་ནཱ་དང་གོ་རེ་ཡ་རྒྱལ་ཁབ་ཀྱི་ཅིན་ཀྲི་ཨིན།  ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་ཁེའེ་སི་ལེ་ནཱ་བཅས་ཀྱི་ཀྱིས་སྐྱེས་མའི་དཀའ་ཚད་འགྲན་བསྡུར་ཁྲོད་སོ་སོས་ཨང་དང་པོ་དང་གཉིས་པ།  གསུམ་པ་བཅས་བླངས་པ་དང་།  ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་ཡཱ་ཁོའོ་པུ་ཧྲུའུ་བྷོ་ཐི་དང་འཇར་ཕན་གྱི་ཨན་ཅན་ཙོའོ་ཆེན།  ཧྥན་རན་སིའི་མན་ཉི་ཨར་ལོ་མན་བཅས་ཀྱིས་སྐྱེས་པའི་དཀའ་ཚད་འགྲན་བསྡུར་ཁྲོད་སོ་སོས་ཨང་དང་པོ་དང་གཉིས་པ།  གསུམ་པ་བཅས་བླངས་པ་རེད། 
            ཐེངས་འདིའི་འགྲན་བསྡུར་ལས་ཡུལ་དངོས་ཀྱི་མི་རྣམས་ལ་ལུས་རྩལ་གྱི་འདུ་ཤེས་ཟབ་མོ་ཞིག་བསྐྱེད་ཅིང་།  དེའི་མཐོང་ཐོས་མྱོང་གསུམ་ལས་ཁོ་ཚོར་མི་རྣམས་ཀྱི་འཚོ་བར་འདི་ལྟ་བུའི་ལུས་རྩལ་བྱ་འགུལ་ནི་ཤིན་ཏུ་གལ་ཆེ་ཞིང་དོན་སྙིང་ལྡན་པ་ཞིག་ཡིན་པ་ངེས་སུ་བཅུག་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།