ཀན་སུའུ་ཞིང་ཆེན་ནས་ལོ་ངོ་འབུམ་གཅིག་དང་ཁྲི་གཉིས་སྔོན་གྱི་ཕྱུགས་ཟོག་གི་འགྱུར་རྡོ་ཁ་ཚང་ཞིག་རྙེད་པ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2011-09-07 11:29:00 ཀློག་གྲངས།:

             གསར་འགོད་པས་ཟླ9ཚེས2ཉིན་ཀན་སུའུ་ཞིང་ཆེན་པེ་དབྱིན་གྲོང་ཁྱེར་རྟེན་མཛོད་ཁང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཀན་སུའུ་ཞིང་ཆེན་རྟེན་མཛོད་ཁང་གི་འགྱུར་རྡོ་ཆེད་མཁས་པས་རྟོག་ཞིབ་བྱས་པ་ལས། ས་དེ་ནས་རྙེད་པའི་གདོད་མའི་ཕྱུགས་ཟོག་གི་འགྱུར་རྡོ་དེ་ལ་ཧ་ལམ་ལོ་ངོ་འབུམ་གཅིག་དང་ཁྲི་གཉིས་ཙམ་གྱི་ལོ་རྒྱུས་ཡོད་པར་ཆེས་ཐོག་མར་ངོས་འཛིན་བྱས་པ་དང་། དེ་ནི་ད་ལྟའི་བར་ཉར་ཚགས་བྱས་པ་ཆེས་ཆ་ཚང་བའི་འགྱུར་རྡོ་ཞིག་རེད། 
             པེ་དབྱིན་གྲོང་ཁྱེར་རྟེན་མཛོད་ཁང་གི་ཆེད་མཁས་པས་གསར་འགོད་པར་མཚམས་སྦྱོར་བྱས་པ་ལྟར་ན། གདོད་མའི་ཕྱུགས་ཟོག་དེ་དུས་རབས་བཞི་བའི་དུས་མཇུག་ནས་ཡང་ན་དེའི་རྗེས་ཀྱི་དུས་སྐབས་ཤིག་ཏུ་ཀྲུང་གོའི་བྱང་ཕྱོགས་སུ་འཚོ་སྡོད་བྱས་ལ། སྐམ་ས་དང་གྲང་ངར་ཆེ་བའི་ས་ཁུལ་དུ་འཚོ་བར་འཚམ་པས། ལུས་སྟོབས་ད་ལྟའི་ཁྱིམ་ཟོག་ལས་སྟོབས་ཆེ་ཟེར།
             ཀན་སུའུ་ཞིང་ཆེན་རིག་གནས་རྟེན་མཛོད་ཁང་གི་ཆེད་མཁས་པས་རྟོག་ཞིབ་བྱས་རྗེས་བཤད་པ་ལྟར་ན། ཕྱུགས་ཟོག་གི་འགྱུར་རྡོ་དེས་ས་དེའི་གནའ་བོའི་ས་ཁམས་དང་། གནམ་གཤིས་སོགས་རིགས་གཞུང་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན། ཐེངས་འདིར་ཉར་ཚགས་བྱས་པའི་གདོད་མའི་ཕྱུགས་ཟོག་གི་འགྱུར་རྡོ་ཆ་ཚང་དེ་ནི་ཀྲུང་གོ་ནས་ཆེས་ཐོག་མར་རྙེད་པ་ཞིག་ཡིན་པ་དང་། འདི་ནི་ཨེ་ཤ་ཡ་གླིང་དུ་ཆེས་མཐོང་དཀོན་པའི་འགྱུར་རྡོ་ཞིག་རེད་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།