བོད་ལྗོངས་གནམ་མཚོ་རྒྱལ་སྤྱི་རྐང་སྐྱོད་སྐབས་དྲུག་པ་མགོ་བརྩམས་པ།
བོད་ལྗོངས་གནམ་མཚོ་རྒྱལ་སྤྱི་རྐང་སྐྱོད་སྐབས་དྲུག་པ་མགོ་རྩོམ་པའི་མཛད་སྒོ།
ཟླ9ཚེས6ཉིན་གྱི་དགོང་མོ། སྐབས་དྲུག་པའི་གནམ་མཚོ་རྒྱལ་སྤྱི་རྐང་སྐྱོད་ཚོགས་འདུའི་མཛད་སྒོ་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བསྡུས་ཤིང་། འབྲེལ་ཡོད་ལས་ཁུངས་ཀྱི་འགོ་གཙོ་དང་། ལྷ་ས་གྲོང་ཁྱེར་འབྲེལ་ཡོད་ལས་ཁུངས་ཀྱི་ལས་སྒྲུབ་ཚབ་བྱེད་མི་སྣ། རྐང་སྐྱོད་དགའ་མོས་པ་ཚོ་ཐེངས་འདིའི་མཛད་སྒོ་ལ་ཞུགས་པ་རེད།
མཛད་སྒོའི་སྟེང་བཀྲ་ཤིས་ཞོལ་པ་དང་གཡག་བྲོ་སོགས་རིག་རྩལ་འཁྲབ་སྟོན་བྱས་པ་དང་། ཐེངས་འདིའི་རྐང་སྐྱོད་ཚོགས་འདུའི་མགྲིན་ཚབ་པའམ་གླུ་མ་དབང་མོས་ཆེད་དུ་གཞས་གཉིས་གྲ་སྒྲིག་བྱས་ཏེ་འདིར་བཞུགས་ལྷན་རྒྱས་རྣམས་ལ་སྤྲོ་སེམས་འཁོལ་བའི་སྣང་བ་བསྐྱེད་པ་རེད།
གཙོ་སྒྲུབ་འགན་ཁུར་བས་མཚམས་སྦྱོར་གནང་བ་ལྟར་ན། ཐེངས་འདིའི་རྐང་སྐྱོད་ཚོགས་འདུས་དགའ་སྐྱིད་ཀྱི་འགྲུལ་བཞུད་ཅེས་པ་བརྗོད་བྱར་བཟུང་སྟེ་རྒྱལ་ཁབ7དང་། པེ་ཅིང་། ཧྲང་ཧེ། ཀོང་ཀྲིག་སོགས་གྲོང་ཁྱེར་གྱི་རྐང་སྐྱོད་བ150ལྷག་བྱ་འགུལ་དུ་ཞུགས་ཡོད་པ་རེད། རུ་ཞུགས་པའི་ཆེས་ཆེ་བའི་ལོ་ཚད74དང་ཆེས་ཆུང་བའི་ལོ་ཚད20ནང་ཡོད་ཅིང་། ལོ65ལས་བརྒལ་བའི་མི8ཡོད།
རྒྱུས་ལོན་བྱས་པ་ལྟར་ན། རུ་ཞུགས་པ་རྣམས་ཟླ9ཚེས7ཉིན་ལྷ་ས་ནས་ལམ་ལ་ཆས་ཏེ་ཐད་ཀར་གནམ་མཚོ་ལ་སྐྱོད་པ་དང་། ཚེས9ཉིན་རྐང་སྐྱོད་བྱ་འགུལ་མཇུག་བསྡུ་རྒྱུ་ཡིན་ཞིང་། ཁོ་ཚོས་རྐང་སྐྱོད་འགྲན་བསྡུར་བྱེད་པ་ལས་གཞན་ད་དུང་གནམ་མཚོའི་སློབ་ཆུང་ཁག་ཏུ་སྤྱི་ཕན་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གོའི་ཚན་རྩལ་གླིང་མཚོ་བོད་ཁང་གནམ་མཚོའི་དར་འཁྱག་ཚན་ཞིབ་བྱེད་གནས་སོགས་སུ་གཟིགས་ཞིབ་གནང་སྟེ་ཁོར་ཡུག་སྲུང་སྐྱོབ་དང་བྱམས་སྙིང་རྗེ། འཁྱག་རོམ་མ་དཔེ་འཁྱེར་བ་བཅས་དང་རྐང་སྐྱོད་བྱ་འགུལ་གཉིས་ཡོངས་སུ་མཐུན་སྦྱོར་བྱེད་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com