ལྷ་ཡུལ་ལྷ་རྡོའི་བཤམས་སྟོན་ཁང་གིས་བོད་ལྗོངས་ཀྱི་རིག་གནས་མཚོན་རྟགས་དང་པོ་བསྐྲུན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-09 11:37:00 ཀློག་གྲངས།:


ལྷ་ཡུལ་ལྷ་རྡོའི་བཤམས་སྟོན་ཁང་གི་འགྲེམ་སྟོན་ཚོམས་ཆེན།

  ལྷ་ཡུལ་ལྷ་རྡོའི་བཤམས་སྟོན་ཁང་ནི་བོད་ལྗོངས་ཀྱི་ཆུ་སྙིགས་གྲུབ་རྡོ་དང་། གཡང་ཊི། རྡོ་རྗེ་ཕ་ལམ། གཏེར་རྫས་ཤེལ་གཟུགས་བཅས་འདུས་པའི་འཛམ་གླིང་སྟེང་རྡོ་རིགས་ལ་བརྟེན་ནས་བོད་ཀྱི་རིག་གནས་ཁྱབ་སྒྲོག་བྱེད་པའི་སྒྱུ་རྩལ་གྱི་ཕོ་བྲང་ཁོ་ན་ཡིན་ཞིང་། འཛམ་གླིང་སྟེང་བོད་ལྗོངས་ཀྱི་རྡོ་རིགས་ལ་ཆེད་ལས་ཞིབ་འཇུག་བྱེད་པའི་རིག་གནས་ཀྱི་རྟེན་གཞི་ཞིག་ཀྱང་ཡིན།


བོད་ལྗོངས་ཆུ་སྙིགས་གྲུབ་རྡོའི་གཅེས་ནོར་ཞིག་སྟེ་གླང་ཆེན་རིན་པོ་ཆེ།

  བཤམས་སྟོན་ཁང་འདི་ནི་ཀྲུང་གོའི་བོད་ལྗོངས་རྡོ་རིགས་ཞིབ་འཇུག་འདོན་སྤེལ་ལྟེ་གནས་ཀྱི་ཀྲུའུ་རིན་ནམ་ཀྲུང་གོའི་གཟིགས་ལྟའི་རྡོ་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཕའེ་ཧེ་ལོང་ལགས་ཀྱིས་སྤྱི་ལོ2010ལོའི་ཟླ10བར་མ་དངུལ་བཏང་ནས་བཙུགས་པ་དང་། 2011ལོའི་ཟླ5བར་ལེགས་འགྲུབ་བྱུང་པ་རེད། བསྡོམས་པས་མ་དངུལ་དུང་ཕྱུར2དང་བྱེ་བ7བཏང་བ་དང་། དེའི་ཁྲོད་འཛུགས་སྐྲུན་བྱེད་པར་མ་དངུལ་བྱེ་བ1བཏང་བ་དང་། རྟེན་རྫས་བསྡུ་ཉར་བྱེད་པར་དུང་ཕྱུར2དང་བྱེ་བ6བཏང་བ་རེད། ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ10000ཡོད་པ་དང་། བཤམས་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5000ཡོད་པས་འདི་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་བོད་ལྗོངས་རྡོ་རིགས་བཤམས་སྟོན་ཁང་ཡིན་པ་རེད།
  བཤམས་སྟོན་ཁང་གི་འགོ་གཙོ་ཕའེ་ཧེ་ལོང་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བོད་ལྗོངས་རྡོ་རིགས་ནི་རིགས་ཁོངས་ཀྱི་ཆ་ནས་དགར་བ་ཡིན་ཏེ། མཚོ་བོད་མཐོ་སྒང་གཙོ་བྱས་ནས་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་བོད་ཁམས་ནས་ཐོན་པའི་རྡོའི་རིགས་ལ་བོད་ལྗོངས་རྡོ་རིགས་ཞེས་བཏགས་པ་ཡིན་ཟེར། ད་ལྟ་བཤམས་སྟོན་ཁང་དུ་བོད་ལྗོངས་ཆུ་སྙིགས་གྲུབ་རྡོ་དང་། རྡོ་རྗེ་ཕ་ལམ། གཡང་ཊི། གཏེར་རྫས་ཤེལ་གཟུགས་སོགས་རིགས་བརྒྱ་ལྷག་དང་། གཏེར་རྫས་སྟོང་ཕྲག་ལྷག་ཡོད་པ་འདི་དག་ནི་ཁོང་གིས་ལོ་ངོ10ཡི་རིང་ལ་བསྡུ་ཉར་བྱས་པའི་ངལ་འབྲས་ཡིན་ཞིང་། ཀྲུང་གོའི་གཟིགས་ལྟའི་རྡོ་རིགས་མཐུན་ཚོགས་ཀྱིས་དཔྱད་སྡུར་བྱས་པ་ལྟར་ན་གཏེར་རྫས་འདི་དག་གི་སྤྱིའི་རིན་ཐང་ལ་སྒོར་དུང་ཕྱུར2དང་བྱེ་བ་དྲུག་ཡོད་པ་རེད།


              གཡང་ཊིས་བཟོས་པའི་ཐང་ག

  ལྷ་ཡུལ་ལྷ་རྡོའི་བཤམས་སྟོན་ཁང་གིས་བོད་ལྗོངས་རིག་གནས་དྲིལ་སྒྲོག་དང་དར་སྤེལ་བྱེད་པ་འོས་འགན་ཞིག་ཏུ་བཟུང་སྟེ་འཛམ་གླིང་ལ་ངོ་མཚར་ལྡན་པའི་བོད་ལྗོངས་ཀྱི་རིག་གནས་ཁྱབ་སྒྲོག་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དམིགས་འབེན་དུ་བྱས་ཤིང་། འགོ་གཙོ་ཕའེ་ཧེ་ལོང་གིས་མིག་སྔར་ལྷ་ཡུལ་ལྷ་རྡོའི་བཤམས་སྟོན་ཁང་གིས་བོད་ལྗོངས་རིག་གནས་ཐོན་ལས་ཀྱི་རྟེན་གཞིའི་རེ་བ་འདོན་པ་དེར་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ་དང་ང་ཚོས་བོད་ལྗོངས་ལ་ཞབས་འདེགས་གང་ལེགས་བསྒྲུབ་ཐུབ་པར་སྨོན་ཞེས་བཤད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།